Opinions

རྒྱ་ནག་ནང་བཅིངས་འགྲོལ་གཏོང་དགོས་ངེས་རེད།

དཀོན་མཆོག་བསྟན་འཛིན།  བལ་ཡུལ།
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་བྲན་གཡོག་མང་པོར་བཅིངས་འགྲོལ་ཐོབ་པའི་དུས་དྲན་སྲུང་བརྩི་གྲ་རྒྱས་ཤིག་བྱ་རྒྱུའི་སྔོན་འགྲོའི་འཆར་གཞི་ཁག་གོ་སྒྲིག་གི་ཡོ་ལངས་ཆེན་པོ་ཞིག་མི་དམངས་ཁྲོད་ལག་བསྟར་བྱེད་བཞིན་འདུག་ལ། དེ་ཡང་གྲོང་གསེབ་ཞིང་པ་རྒས་འཁོགས་རེ་བཟུང་དང་འབྲོག་པ་རྒས་འཁོགས་རེ་བཟུང་ལ་དངུལ་དངོས་ཕྲན་བུ་སྤྲད་དེ་གུང་ཁྲན་ཏང་བཀའ་དྲིན་ཆེ་ཚུལ་བརྗོད་པ་ཁག་བརྙན་འཕྲིན་བརྒྱུད་ཡང་ཡང་བསྐྱར་སྟོན་བྱས་པ་དང༌། བོད་ཀྱི་མདོ་སྟོད་སྨད་གང་ས་ནས་གནས་མཇལ་ཆེད་ལྷ་སར་ཡོང་བ་ཁག་དང༌། ཚོང་ཙག་ཙིག་བརྒྱབ་ནས་འཚོ་བ་སྐྱེལ་མཁན་བོད་མི་ཕལ་ཆེར་འཇུ་བཟུང་གིས་དམ་དྲག་ཆེན་པོ་བྱས་ཤིང་ནག་ཉེས་ཆེ་བའི་ཁྲིམས་འགལ་ཇི་ལྟར་བྱས་པ་ཡིན་ན་སྙམ་སྟེ་རང་གི་རང་ལ་དྲི་བ་ཤིག་རང་བཞིན་གྱིས་ཡོང་གི་ཡོད།

རྒྱས་པར་གཟིགས།

བོད་ཡིག་ཡར་རྒྱས་ཀྱི་འགོག་རྐྱེན།

  ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་གཏོང་དགོས་པ་དང༌། དེའི་སྐོར་ལ་དོ་སྣང་དང་འབད་བརྩོན་བྱེད་མཁན་ཡང་གང་མང་ཡོད། བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བའི་འགོག་རྐྱེན་ཆེ་ཤོས་དེ་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་དང་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ངན་པ་ཞིག་བཟུང་ཡོད་པ་འདི་ཡིན་ཡང༌། ད་དུང་འགོག་རྐྱེན་མང་པོ་བོད་ཕྱི་ནང་གཉིས་སུ་འཕྲད་བཞིན་ཡོད་པ་རེད། བོད་ནང་ལ་མཚོན་ནའང་རྒྱ་གཞུང་གི་གོ་གནས་མཐོ་བའི་ལས་བྱེད་པ་རྣམས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་རྣམས་རྒྱ་ཡིག་རྐྱང་པ་སློབ་སའི་སློབ་གྲྭ་རུ་འཇོག་པ་དང༌། བཙན་བྱོལ་བོད་གཞུང་གི་དཔོན་རིགས་དང་སྟོབས་འབྱོར་ཡག་པོ་ཡོད་མཁན་རྣམས་ཀྱིས་བུ་ཕྲུག་རྒྱ་གར་དང་དབྱིན་ཇི་སློབ་གྲྭ་རུ་འཇོག་པ་ལས་བོད་ཡིག་སློབ་སའི་སློབ་གྲྭ་རུ་སྐྱེལ་འདོད་མེད་པ་ཧ་ཅང་མང༌། བོད་ཕྱི་ནང་གཉིས་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་གནང་མཁན་ཕལ་མོ་ཆེས་གང་བཤད་པ་དེ་བཀའ་སློབ་སྙན་པོ་ཞིག་ཡོང་བའི་ཆེད་དུ་གསུངས་པ་ལས། དངོས་ཡོད་གནས་ཚུལ་ཁ་ཞེ་གཉིས་མེད་ཀྱིས་གསུངས་པ་ཞིག་མིན་པ་རང་ཉིད་ལ་ཐུག་དུས་ཁ་བཤད་དང་ལག་ལེན་མི་འདྲ་བའི་ཆ་ནས་ཤེས་ཐུབ། དེ་ནི་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་ཆེ་ཤོས་བོད་པ་རང་ངོས་ནས་བཟོས་པའི་དཔེ་མཚོན་ཞིག་ཡིན།

རྒྱས་པར་གཟིགས།

ཚུལ་ཁྲིམས་དཔལ་ལྡན།

ཕྲན་གྱི་མིང་ལ་ཚུལ་ཁྲིམས་དཔལ་ལྡན་ཟེར་ཞིང༌། སྐྱེས་ཡུལ་ནི་དབུས་ལྷ་སའི་ལྷོ་ཁ་གོང་དཀར་ཕྱོགས་སུ་ཡིན། ཕ་མ་གཉིས་ཀྱིས་རེ་བ་དང་ཕུགས་བསམ་གྱི་དར་དཀར་མཇིང་པར་གཡོགས་ཏེ་ཆུང་དུས་ནས་བཙན་བྱོལ་དུ་བརྫངས་ཀྱང་དེ་ལྟར་དུ་མ་བྱུང༌། དེ་རིང་བར་གྱི་མི་ཚེ་ཆོས་སྒོར་བསྐྱལ་ཞིང་འབྱུང་འགྱུར་ལ་དེ་ལྟར་ཡོང་བའི་རེ་བས་ད་ལྟ་ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་ཁུལ་ལགས། ངས་གོ་སྐབས་འདི་བཟུང་སྟེ་གངས་ཅན་པའི་ན་གཞོན་རྣམས་ལ་འབོད་སྐུལ་ཞིག་ཞུ་འདོད་པ་དེ་ནི། བྱུང་ན་ཁྱེད་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་ཆོ་ལོ་ཐོགས་ཏེ་གང་བསམ་པ་དེ་བཤད་ཕོད་པ་དང༌། བཤད་ཕོད་པ་ཇི་བཞིན་ལས་ཕོད་པ་ཞིག་གནང་སྟེ་རྒྱ་ཟས་ལེའུ་བཅོ་བརྒྱད་ལ་འགྱུར་བ་གནང་རོགས། མ་བྱུང་ན། གཏམ་རྫིག་པོ་དང་ལས་ཆེན་པོ་དེ་ཚོ་དོར་ཏེ།

རྒྱས་པར་གཟིགས།

ངའི་མི་རིགས་དང་སྐད་ཡིག་གི་ལས་དབང༌།

མོན་པ་བསྟན་འཛིན་རིག་འཛིན། འབྲས་སྒོ་མང༌།

ངས་རང་གི་མི་རིགས་ཀྱི་ལ་རྒྱ་བསམ་ནས་ཁ་ཁུ་སིམ་པའི་ངའི་མི་རིགས་ཀྱི་ལས་དབང་ལ་བསམ་ཤེས་པ་ནས་ད་བར་བསམ་གཞིག་མང་པོ་བྱེད་མྱོང༌། དེའི་ཆེད་དུས་ཚོད་བཏང་བའང་ཉུང་ཉུང་མིན། ངའི་མི་རིགས་ནི་གདོད་མ་ནས་ལས་ལ་བརྩོན་ཞིང༌། ལས་འབྲས་ལ་ཡིད་ཆེས་བརྟན་པོ་བྱེད། སྲོག་ཆགས་འབུ་སྲིན་ཚུན་ལ་བྱམས་སྙིང་རྗེ་ལྷན་སྐྱེས་སུ་གྲུབ། སློབ་དཔོན་ཐོན་མིས་དཀའ་བ་ཁྱད་བསད་ཀྱིས་སྲོལ་བཏོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་གསལ་བར་སྟོན་ནུས་པའི་ཡི་གེ་དེ་སྐད་ཡིན་ལ། ངའི་མི་རིགས་ཀྱི་སྲོག་རྩའང་ཡིན། རྒན་པ་དང་ཡོན་ཏན་ཅན་ལ་གོང་བཀུར་དང༌། གཞོན་པ་དང་དམན་པར་བྱམས་ཀྱིས་སྐྱོང་བའི་མི་ཆོས་ཀྱི་ཡ་རབས་སྲོལ་བཟང་ལྡན། ངའི་མི་རིགས་ཀྱི་ཡབ་མེས་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ལས་མཆེད་ཅིང༌། མ་ཧ་ཙི་ནའི་ཁམས་ཀྱི་གོང་མ་རིམ་བྱོན་གོ་ཐོས་མེད་ལ། འཕགས་ཡུལ་གྱི་མ་ཧ་ར་ཛ་རྣམས་ཀྱང་བརྒྱུད་མེད།

རྒྱས་པར་གཟིགས།

མིག་ཆུ།

རྒྱལ་མཚན་དར་རྒྱས།   རྫོང་སར།
ཀྱེ་གངས་ཕྲུག་རྣམས། ལོ་རྒྱུས་ཀྱི་དཀྱོག་མཚམས་འདིར་ང་ཚོ་ནི་མི་རིགས་ཤིག་འཆི་གསོན་ལ་ཐུག་པའི་བར་བརྒལ་གྱི་དུས་རབས་པ་ཞིག་སྟེ། ཚེ་སྲོག་གི་རྒྱུ་གྲོན་བཏང་ཞིང་ཁྲག་དང་མིག་ཆུས་མི་རིགས་ཀྱི་མདུན་ལམ་སྐྲུན་བཞིན་པ་ཡིན། ལྷག་པར་དུ་ཉིས་སྟོང་བརྒྱད་ལོར་ང་ཚོ་གསོན་བཞིན་པ་ཚོའི་ཕ་མ་དང་བུ་ཕྲུག བཟའ་ཟླ་དང་གཉེན་ཉེ། གྲོགས་པོ་དང་གྲོགས་མོ་ཇི་ཙམ་ཞིག་གི་ཚེ་སྲོག ང་ཚོ་སྒང་པ་གངས་ཅན་པའི་མདུན་ལམ་ཆེད་ཁྲག་དམར་ཆི་ལིར་ཕྱིན་སོང༌། བསམ་བློ་ཞིག་ཐོངས་དང༌། སྤུན་ཟླ་ཚོ། འདས་པོ་དང་འདས་མོ་ཚོས་ང་ཚོའི་མདུན་ལམ་འདི་ཚེ་སྲོག་གི་བསྐྲུན། དེ་ལྟར་སྤུན་ཟླ་དེ་དག་གི་རོ་སྟེང་དུ་བསྡད་ནས་ལུས་དགའ་བའི་རྣམ་པ་བྲོ་འཁྲབ། ངག་སྐྱིད་པའི་རྣམ་པ་གླུ་བླངས། ཡིད་ཚིམས་པའི་རྣམ་པ་སྤྲོ་བ་བལྟས། དེ་ལྟ་བུའི་དགྱེས་སྟོན་ཞིག་བྱས་ན་སེམས་ཀྱིས་བཟོད་དམ། ང་ཚོའི་དཔའ་བོ་དང་དཔའ་མོ་ཚོའི་ཕ་མ་བུ་ཚ་སོགས་ལ་གདོང་ཇི་ལྟར་སྟོན།

རྒྱས་པར་གཟིགས།

ཚེ་སྲོག་ལ་རིན་ཐང་སྤྲོད་དགོས།

རེབ་གོང་དགེ་འདུན་རྒྱ་མཚོ། དགའ་ལྡན།

བོད་མདོ་དབུས་ཁམས་གསུམ་རྒྱ་ནག་གི་སྲིད་ངན་གྱིས་བཅིངས་པ་ནས་བཟུང༌། བོད་མི་ལ་བརྡབ་གསིག་དང་བོད་མིའི་ཤེས་འཇོན་གཉིས་ལྡན་གྱི་གསར་སྐྱེས་ཡོན་ཏན་པ་དང༌། དཔའ་བོ་དཔའ་མོ་རྣམས་ཀྱི་རང་སྲོག་ཤོར་བ་ཐེངས་གཅིག་མིན་ཏེ། ༡༩༥༩ ལོར་བོད་མིའི་ཞི་བའི་ངོ་རྒོལ་སྐབས། བོད་མི་སྟོང་ཕྲག་མང་པོའི་རང་སྲོག་རྒྱ་ལག་ལ་ཤོར་ཡོད། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ད་ལྟ་ང་ཚོས་དུས་དྲན་ཙམ་བྱེད་པ་མ་གཏོགས། དཔའ་བོ་དཔའ་མོ་རྣམས་གང་གི་ཆེད་དུ་ཚེ་སྲོག་བཏང་བའི་དགོས་པ་ཡང་ད་དུང་ང་ཚོས་ངེས་ཤེས་རྙེད་ཐུབ་མེད། རྒྱུ་རྐྱེན་ནི་ང་ཚོས་ཁ་ཕྱོགས་ཀྱི་ནུས་སྟོབས་གཅིག་ཏུ་མ་བསྒྲིལ་བར་སྔོན་ཆད་ལྟར་ཚོགས་པ་འདྲ་མིན་གྱིས་ལྟ་བའི་འཐེན་ཕྱོགས་དང༌། ལུང་ཚན་གྱི་ཞེན་ཁོག་ཁོ་ནས་གཅིག་སྒྲིལ་མི་བྱེད་པར་ཟུར་བལྟ་ཟུར་ཉན་བྱས་ནས་བསྡད་པའི་གོམས་གཤིས་དེ་སྲོལ་རྒྱུན་རང་འཇགས་སུ་གནས་པ་དེའི་དབང་གིས་བྱུང་བ་ལ་ངོས་འཛིན་བྱེད་ཆོག དེང་གི་སྐབས་འདིར་སྲོལ་རྒྱུན་རྒྱང་རིང་དུ་དོར་དགོས་པ་ནི། བོད་མིའི་རྩ་དོན་སྒྲུབ་པ་ལ་གནད་དམ་པའོ།

རྒྱས་པར་གཟིགས།

བོད་པའི་མཐོ་སློབ་དང་མ་འོངས་པའི་རེ་བ།

ཕྱི་ཚེས་༡༧ ཉིན་བྷེང་ལོར་དུ་ྋགོང་ས་མཆོག་ཆིབས་བསྒྱུར་གྱིས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་གནང་ཡོད་པ་དང༌། མཐོ་རིམ་སློབ་གཉེར་ཁང་འདི་ནི་བོད་ཁྱིམ་གྱིས་གཙོ་འགན་བཞེས་ཏེ་ཨ་སྒོར་ས་ཡ་བཅུ་ཙམ་གྱི་ལས་འཆར་འོག་གསར་སྐྲུན་གནང་བ་ཞིག་ཡིན་ཞིང༌། མཐོ་སློབ་འདིའི་ནང་དུ་སློབ་མ་སུམ་སྟོང་ཙམ་བསྡུ་རྒྱུ་ཡིན་ཚུལ་འདུག བཙན་བྱོལ་བོད་པ་རང་ངོས་ནས་མཐོ་སློབ་ཆེན་པོ་འདི་ལྟ་བུ་ཞིག་གསར་སྐྲུན་བྱས་པ་ཐོག་མ་ཡིན་པ་དང༌། མཐོ་སློབ་འདི་ལ་མ་འོངས་པའི་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་རེ་བ་ཆེན་པོ་བཅོལ་དགོས་པ་དང༌། དེ་བཞིན་གཞུང་སྒེར་གཉིས་ངོས་ནས་མཐོ་སློབ་འདི་ཉིད་བཙན་བྱོལ་ནང་གི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱ་རྒྱུའི་གོ་སྐབས་བཟང་པོར་ངོས་འཛིན་གྱིས་གཅེས་སྐྱོང་དང་མཐུན་རྐྱེན་བསྐྲུན་དགོས། མཐོ་སློབ་འདི་ཉིད་ཚད་དང་ལྡན་པ་ཞིག་ཡོང་དང་མི་ཡོང་གཙོ་བོ་དགེ་རྒན་དང་དེའི་མཐུན་རྐྱེན། སློབ་ཚན། འཛིན་སྐྱོང་བཅས་ལ་ཐུག་ཡོད།

རྒྱས་པར་གཟིགས།

རྒྱ་སྐད་ཐོག་ནས་གཞས་གཏོང་རྩིས་ཡོད།

བཙན་བྱོལ་བོད་ཀྱི་གཞས་མ་རིག་འཛིན་དཔལ་མོར་གླུ་གཞས་སྐོར་གྱི་བཅར་འདྲི།
དྲི་བ། ཁྱེད་རང་གིས་ད་ལྟ་བར་དུ་གཞས་བཏང་བའི་བརྒྱུད་རིམ་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་རིག་འཛིན་དཔལ་མོ་ཟེར། སྐྱེ་ཡུལ་ཁམས་སྒ་བ་ནས་ཡིན། ང་ཚོའི་ནང་མི་ཚང་མ་གླུ་གཞས་གཏོང་མཁན་རེད། ང་རང་གླུ་གཞས་གཏོང་རྒྱུར་དགའ་པོ་ཡོད། ང་རང་ལོ་བདུན་སྐབས་སློབ་ཆུང་དུ་ཡོད་དུས་ནས་གཞས་སྦྱངས་པ་ཡིན། ལོ་༡༢ ཐོག་གཞས་ཀྱི་བྱ་དགའ་དང་པོ་ཐོབ་མྱོང༌། དུས་དེ་ནས་བཟུང་གཞས་གཏོང་རྒྱུར་དོ་སྣང་དང་དགའ་ཞེན་ཆེ་རུ་ཕྱིན་སོང༌། དེ་རྗེས་གཞས་ཀྱི་བྱ་དགའ་ཐེངས་འགར་ཐོབ་མྱོང༌།

རྒྱས་པར་གཟིགས།

ཕུན་ཚོགས་སྒྲོལ་དཀར།

ཕྲན་གྱི་མིང་ལ་ཕུན་ཚོགས་སྒྲོལ་དཀར་ཟེར་ཞིང་དམ་ཆོས་ཉི་མའི་འོད་ཟེར་འཕྲོ་ས་སྟེ། གངས་ཅན་བོད་ཀྱི་རྒྱལ་སར་འབོད་པའི་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ཀྱི་ཉེ་འཁྲིས་མལ་གྲོ་གོང་དཀར་རྫོང་ཁོངས་སུ་སྐྱེས། ལོ་ན་ཧ་ཅང་ཆུང་བའི་བྱིས་པའི་དུས་ཚོད་ནི་བརྩེ་བའི་ཕ་མའི་བཀའ་མངགས་བཞིན་སློབ་གྲྭའི་རྭ་བ་ལས་བསྐྱལ་བ་དང༌། དེ་རྗེས་བཙུན་དགོན་གར་དགོན་བསམ་གཏན་གླིང་དུ་ཆོས་ཞུགས་ཀྱི་སྐལ་བཟང་གོ་སྐབས་ཐོབ། ཁ་བ་རི་བོའི་ཡུལ་དུ་སྔ་ན་མ་གྲགས་པའི་ལོ་རྒྱུས་ཀྱི་དུས་འགྱུར་གནམ་ས་བླ་འོག་བརྗེས་པ་ལྟ་བུར་བྱུང་ཞིང༌། བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ལྷག་ཏུ་ནང་བསྟན་ཆེད་གཉེར་གྱི་གྲྭ་བཙུན་དག་ལ་བསམ་གྱིས་མི་ཁྱབ་པའི་ཆག་སྒོ་ཚབས་ཆེན་བྱུང་རྐྱེན་རང་ཡུལ་དུ་སྡོད་པའི་ཐོབ་ཐང་བྲལ་བ་དང༌། ྋརྒྱལ་བའི་གསེར་ཞལ་ཟླ་བའི་ལང་ཚོ་ལ་མཇལ་བའི་འདུན་པ་བཟློག་ཏུ་མེད་པས་གསོལ་བཏབ་སྟེ་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་བཙུན་དགོན་སྒྲོལ་མ་གླིང་དུ་སློབ་གཉེར་གྱི་བགྱི་བ་དང་དུ་བླངས། ད་ལྟ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་མཐའ་མའི་སློབ་གཉེར་ལ་རྫོགས་ཚིག་འགོད་ལ་ཉེ་བའོ།

རྒྱས་པར་གཟིགས།

མནར་གཅོད་མུན་ནག་གི་ལོ་ལྔ་བཅུ།

    ཉེ་བའི་ཆར་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་སྟེང་༵༵ཞིང་བྲན་ལ་བཅིངས་འགྲོལ་བཏང་བ་ནི་མི་མང་གི་རྒྱལ་ཁ་ཡིནཀཀཟེར་བའི་འགོ་བརྗོད་འོག་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང༌། རྩོམ་ཡིག་དེའི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བཀའ་རྒྱ་བཏང་བ་ལྟར་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ དེ་ཉིད་བོད་ཀྱི་ཞིང་བྲན་པ་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པར་དགའ་འབོད་ཞུ་བའི་ཕྱིར་དུ་ཡིན་ཚུལ་དང༌། བོད་ཀྱི་ལམ་ལུགས་རྙིང་པ་ཆེས་གདུག་རྩུབ་དང་མུན་ནག་ཡིན་པ་མ་ཟད། ྋགོང་ས་སྐུ་ཕྲེང་རིམ་བྱོན་ནི་བོད་མི་རིགས་ལ་གདུག་རྩུབ་ཚད་མེད་གཏོང་མཁན་གྱི་བྱེད་གཏེ་ཡིན་ཚུལ་ཡང་བཀོད་པ་རེད།

རྒྱས་པར་གཟིགས།