Uncategorized

ད་ཡིན་ན་བཀའ་ཁྲི་རིན་པོ་ཆེ་མཆོག་གིས་ང་ཚོ་ཚོང་རྫས་བྱེད་ཀྱི་ཡོད་པ་འདྲ།

ད་ཡིན་ན་བཀའ་ཁྲི་རིན་པོ་ཆེ་མཆོག་གིས་ང་ཚོ་ཚོང་རྫས་བྱེད་ཀྱི་ཡོད་པ་འདྲ། བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་ཁྲི་འོས་འདེམས་སྐབས་ཟམ་གདོང་རིན་པོ་ཆེསྋགོང་ས་མཆོག་གི་ཨ་རིའི་གྲོས་ཚོགས་ཀྱི་གསུང་བཤད་ཞི་བའི་གྲོས་འཆར་ལྔ་དང་སུ་ཊ་སེ་སྦག་གི་གསུངས་བཤད་གཉིས་རང་གཞུང་གི་ཆབ་སྲིད་ཀྱི་གཞུང་ལུགས་ངོ་མ་ཡིན་པའི་འགྲེལ་བཤད་བྱས། ད་དུང་༡༩༩༡ གྲོས་ཚོགས་ཐོག་ྋགོང་ས་མཆོག་གིས་སུ་ཊ་སི་སྦག་གི་གསུང་བཤད་དེ་ནུས་མེད་ཡིན་པའི་གསལ་བསྒྲགས་དེ་ཡང་ཡིག་ཆ་ལ་འཁོད་པ་ཙམ་ལས་དོན་དུ་དེ་ལྟར་མིན་པར་བཤད་ནས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལ་རྩོད་པ་བྱས་སོང༌། ཡིན་ཡང་དེང་སྐབས་ཁོང་གིས་སུ་ཊ་སི་སྦག་གི་གསུང་བཤད་དང་ཉེ་ཆར་སྐུ་ཚབ་ཚོགས་པས་རྒྱ་གཞུང་ལ་སྙན་ཞུ་ཕུལ་བའི་ནང་མ་འོངས་པར་བོད་ལ་གཞི་རིམ་གྱི་ཁྲིམས་ལོགས་སུ་མི་དགོས་པ་དང༌། དེ་བཞིན་མང་གཙོ་ཡང་མི་དགོས་པ་བཟོས་ཡོད་ཅེས་སྦོབས་པ་དང་བཅས་གསུང་གི་ཡོད་པ་རེད།

རྒྱས་པར་གཟིགས།

དགེ་རྒན།

ས་ར་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ནི་བོད་གཞུང་གིས་བཏང་འཛིན་འོག་ཡོད་པའི་མཐོ་སློབ་གཅིག་པུ་དེ་ཡིན་ས་རེད། ད་བར་ལོ་བསྟུད་མར་དེའི་ནང་ནས་ཐོན་པའི་སློབ་ཕྲུག་ཚོའི་བོད་ཡིག་ཤེས་ཚད་ཡག་པོ་ཡོད་པ་གོ་བྱུང་བས་དངོས་ནས་ཡག་པོ་རེད་དྲན་གྱི་འདུག ད་དགེ་རྒན་ཡག་པོ་མེད་པའི་གནས་ཚུལ་ཞིག་ཀྱང་ཐོས་ཀྱི་འདུག མ་ཚད་སློབ་མས་དགེ་རྒན་ལ་ཡར་སློབ་ཁྲིད་བྱེད་པ་དང༌།  སློབ་སྤྱི་ནས་སློབ་ཕྲུག་ལ་སློང་མོ་བརྒྱབ་པ་སོགས་གོ་རྒྱུ་འདུག དྲག་གྲོགས་རྣམ་པ་ཚོས་གསལ་པོ་འདྲ་གོ་ཡོད་དམ།    

རྒྱས་པར་གཟིགས།

དྲ་རྒྱ་འདིར་ཞུགས་པའི་གྲོགས་པོ་རྣམ་པ།

གསལ་བཤད་ཞུ་རྒྱུ་ཞིག་ལ། ཟིན་བྲིན་དུ་ཐོ་འགོད་ཟིན་པ་མང་པོ་ཞིག་གིས་ནང་འཛུལ་བྱེད་ཐུབ་ཀྱི་མི་འདུག་གསུང་གི་འདུག ཐོ་འགོད་དང་པོ་གྲུབ་རྗེས་བསྐྱར་དུ་ཐོ་འགོད་བྱེད་ཐུབ་ཀྱི་མེད་པ་རེད། གང་ཡིན་ཟེར་ན། ཁྱེད་རང་གི་གློག་འཕྲིན་ཁ་བྱང་དང་ཐོ་འགོད་ཡིག་ཆ་དེ་དག་ང་ཚོའི་དྲ་གནས་གསོག་མཛོད་ནང་དུ་སྡད་ཀྱི་ཡོད་པ་རེད། དཔེར་ན། ཐོ་འགོད་ཟིན་པའི་དྲ་གྲོགས་ནགས་ཕྲན་པ་བསོད་ནམས་ཚེ་རིང༌ལགས་ཀྱི་ཟིན་བྲིས་དང་། གློག་འཕྲིན་ཁ་བྱང༌སོགས་ཚང་མ་དྲ་གནས་གསོག་མཛོད་དུ་འདུག་ཀྱང༌། ཁོང་གི་ནང་མཛུལ་བྱེད་ཐུབ་ཀྱི་མི་འདུག་གསུང་གི་འདུག་

རྒྱས་པར་གཟིགས།

ང་ཚོས་བསམ་རྣོ་འཁོར་དགོས་པ།

དེང་སང་གི་དུས་སུ་ང་ཚོ་བོད་མི་རིགས་ཀྱི་དགོས་མཁོ་ངོ་མ་ནི་རང་དབང་དང༌། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་བཅས་གལ་ཆེ་དོན་ཆེ་གཟིགས་ཏེ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ཡར་རྒྱས་དང༌། སྤུས་ཁ་ཇེ་ལེགས་སུ་གཏང་དགོས་པ་ནི་སྐབས་སུ་བབ་པའི་ལས་འགན་ཟློག་ཐབས་མེད་པ་ཞིག་རེད།

རྒྱས་པར་གཟིགས།

འཁྱག་སིབ་སིབ་ཀྱི་ཚོར་བ།

རྡ་སའི་གནམ་གཤིས་ནི་འཁྱག་ནས་འཁྱག་ཏུ་རེད་ལ། འཁྱམ་པོའི་ཡིད་སེམས་ཀྱང་སྐྱོ་ནས་སྐྱོ་རུ་རེད། གཟིགས་དང༌། རང་དབང་དང་རང་བཙན་ཡོད་པའི་རྒྱལ་ཁབ་རྣམས་ནི་དགའ་དགའ་སྤྲོ་སྤྲོའི་ངང་ནས་གནམ་ལོ་གསར་པའི་དགའ་སྟོན་ལ་བྲེལ་བཞིན་པ་སོགས་མཐོང་དུས། དེ་ནི་ང་ཚོས་ལོངས་སུ་སྤྱོད་བྱ་ཞིག་མིན་པར་ང་ཚོ་ནི་ད་དུང་ཐག་རིང་ཐག་རིང་ཞིག་ན། ཆ་མེད་རྒྱུས་མེད་ཀྱི་ལུང་པ་ཞིག་ཏུ་ཅི་ཞིག་སྒུག་ནས་ཡོད་པའི་སེམས་འཚབ་ཅིག་ལོད་འོང༌།

རྒྱས་པར་གཟིགས།

འཕྲོས།

ཅ་ཅོ་མི་མཐུན་དབྱེན་དང་ཕྲ་མའི་རྒྱུ།། ཆ་རྐྱེན་བྱས་ཏེ་གླད་ཆུང་བོད་མི་འགར།། ཇ་ཆང་སོགས་ཀྱི་རྔན་ནས་རང་རིགས་ཀུན།། ཉ་མོ་སྐམ་སར་བཏོན་འདྲའི་ལས་འདི་ཅི།།  

རྒྱས་པར་གཟིགས།

ཕོ་ཁྱོ་གའི་སྐད་ཆ།

དྲ་གྲོགས་ཚོ། འཛེམ་ཟོན་དང་དངངས་སྐྲག་མེད་པར་ཕེབས་ཤོག་དང༌། ཕོ་ཁྱོ་གའི་བྲང་སྒོ་ཡངས་པོར་ཕྱེ་ནས་ཕེབས་ཤོག་དང༌། དྲང་བདེན་གྱི་སྨྱུུག་རྩེ་རྣོན་པོ་དགྲ་ཕྱོགས་སུ་བསྲིང་བཞིན་ཕེབས་ཤོག་དང༌། གནས་འདི་ན་ང་ཚོས་བགྲོ་གླེང་ལྷུག་པོ་བྱེད་སའི་སྟེགས་བུ་ཞིག་བསྐྲུན་དུ་འགྲོ། བསམ་ཚུལ་གྱི་སྒོ་མོ་ཡངས་པོར་འབྱེད་དུ་འགྲོ། མི་རིགས་ཀྱི་བདེ་སྡུག་ཁོ་ན་གླེང་དུ་འགྲོ། རྒྱ་འདྲེ་ལ་ཁ་གཏད་ཀྱི་མདུང་རྩེ་གཏོད་དུ་འགྲོ། རང་དབང་གི་ཉི་གཞོན་དྲོན་པོ་བསུ་རུ་འགྲོ།

རྒྱས་པར་གཟིགས།

བོད་ཀྱི་བརྡ་སྤྲོད་སྦྱང་ཐབས།

བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཉུང་བསྡུས་སྟབས་བདེའི་སྒོ་ནས་སྦྱང་ཐབས་

ཇི་ལྟར་དགོས་པའི་སྐོར་བསམ་གཞིག་ཐོར་བུ།

ཆོས་ལྡན་བོད་ཀྱི་སྐད་དང༌།
མཐུན་པའི་ཡི་གེ་བཟོ་མཁན།
སློབ་དཔོན་ཐོན་མི་མཆོག་གི།
བཀའ་དྲིན་དྲན་བཞིན་འདུད་དོ།

དགོས་མེད་ཚིག་ལོ་སྤྲོས་པའི།
བོད་ཀྱི་བརྡ་སྤྲོད་གཞུང་ལུགས།
ཉུང་བསྡུས་ཕན་རླབས་ཆེ་ལ།
སྟབས་བདེ་སྦྱང་ཐབས་བཤད་དོ།

རྒྱས་པར་གཟིགས།

ཀ་བཤད།

ཀ་ནས་དག་པའི་བོད་ལྗོངས་བདག་འཐོབ་དེ།། ཁ་བ་ཅན་པར་ཡོད་པ་སྨྲོས་མེད་ཀྱང་།། ག་ནས་ག་ཡོང་མེད་པའི་གུང་ཇག་གིས།།     ང་ཚོའི་བོད་ཡུལ་གློ་བུར་ཟང་ཟིང་བཟོས།།   མུ་འགོད།

རྒྱས་པར་གཟིགས།