Author: lobsang la

ཚོགས་ཆེན་ཐོག་ཏུ་ཕུལ་བའི་བསམ་ཚུལ།

ཐོག་མར་ད་ལོ་གཞིས་ལུས་བོད་མི་རྣམས་ཀྱིས་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་དོན་སྙིང་ལྡན་པའི་འབོད་ཚིག་འདིས་སྣེ་དྲངས་སྟེ། དེ་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་འཇིག་ཉེན་འགག་འཕྲང་གི་དུས་པོ་ཆེ་འདིར་དམིགས་བསལ་ཚོགས་ཆེན་ཐོག་ཐུགས་འགན་ཆེ་བཞེས་ཀྱིས་ཆེད་ཕེབས་གནང་མཁན་རྣམ་པར་འཚམས་འདྲི་དང༌། གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་སྐབས་དོན་སྙན་གསན་ཞུ་རྒྱུར།

རྒྱས་པར་གཟིགས།

མ་འདས་ཡང་སྤྲུལ་དགོས་ངེས་རེད།

ང་ཚོས་ངེས་པར་དུ་བསྒྲུབ་དགོས་ངེས་ཀྱི་བྱ་བ་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་པ་མ་ཟད་བསྒྲུབ་ཐུབ་ངེས་ཀྱི་བྱ་བ་ཡང་དག་པ་དང་གཟི་བརྗིད་ལྡན་པ། རླབས་ཆེན་གྱི་རྒྱལ་ཁའི་རང་བཞིན་ལྡན་པ་བཅས་ཡིན།

སྐྱེ་འགྲོ་ཕལ་ཆེ་བ་ཇི་སྲིད་ནམ་མཚོའི་བར་རང་རང་གི་བདེ་སྐྱིད་སྒྲུབ་ཐབས་དང༌། སྡུག་བསྔལ་སེལ་ཐབས་བྱེད་པ་ནི་ཆོས་ཉིད་ཡིན། འོན་ཀྱང་ལྟ་བའི་མིག་དང་བྲལ་ན་བདེ་སྐྱིད་བསྒྲུབ་ཐབས་དང༌། སྡུག་བསྔལ་སེལ་ཐབས་ཡང་དག་པ་ཡོང་རེ་བྲལ། དཔེ་དེ་བཞིན་དུ་ང་ཚོའི་བོད་ཀྱི་གནད་དོན་ཡང་ཆོས་དང་རིག་གཞུང་ཁྱད་པར་ཅན་གྱི་ཁྱད་ཆོས་དང་ལྡན་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་གནད་དོན་ཡིན་གཤིས། བོད་མི་རིགས་ཇི་སྲིད་ནམ་གནས་བར་འཐབ་རྩོད་བྱེད་ངེས་རེད།

རྒྱས་པར་གཟིགས།

བོད་དོན་སྐོར་བསམ་ཚུལ་འགའ་ཞིག་ཟོལ་མེད་དུ་གླེང་བ།

༡༽ བོད་མི་རིགས་འདི་ཉིད་མར་མེ་སྣུམ་ཟད་ལྟ་བུར་གྱུར་ཏེ་འཛམ་གླིང་འདིའི་སྟེང་གནས་ཐུབ་དང་མ་ཐུབ་ཀྱི་དུས་ཚོད་ཆེས་ཛ་དྲག་དང་ཆེས་ཉམ་དམན་པའི་སྐབས་འདིར་གཞིས་བྱེས་བོད་རིགས་ཡོད་དོ་ཅོག་གཅིག་དུ་བསྒྲིལ་ནས་ྋརྒྱལ་བ་དོན་གྱི་བདག་པོ་མཆོག་གི་ཅི་གསུང་བཀའ་སྒྲུབ་ཀྱིས་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་བར་དེ་སྲིད་དུ། ཡིད་སེམས་གཉིས་མེད་པའི་སྒོ་ནས་ལམ་དབུ་མ་རང་བསྒྲུབ་བྱར་བཟུང་སྟེ་འཚེ་བ་མེད་པའི་ལས་འགུལ་དོན་སྙིང་ལྡན་པ་སྣ་ཚོགས་ཤིག་གཞུང་འབྲེལ་ཐོག་ནས་སྤེལ་དགོས་པའི་དུས་ལ་སླེབས་ཡོད་པ་ནི། རྒྱལ་ཁབ་དང་མི་རིགས་གཞན་དང་གཞན་གྱིས་ཚད་མཐོའི་རྒྱབ་སྐྱོར་མཐུན་འགྱུར་དང༌། བོད་གཞིས་བྱེས་གཉིས་ཀྱི་ད་ལྟའི་གནས་སྟངས་གང་ལ་བལྟས་ཀྱང་མ་སྔ་མ་ཕྱིའི་དུས་ཚོད་ཅིག་ལ་སླེབས་འདུག་སྙམ། དེ་ལྟ་བུའི་སྒྲུབ་བྱེད་འཚེ་བ་མེད་པའི་ལམ་བུ་སྟོན་གནང་མཁན་ནི་བསླུ་བ་མེད་པའི་སྐྱབས་གནས་ཀུན་འདུས་འཛམ་གླིང་ྋཞི་བདེའི་དེད་དཔོན་ཁོང་ལས་ལྷག་པ་ཞིག་ས་གསུམ་གང་དུ་འཚོལ་ཡང་རྙེད་དུ་མེད་པ་ནི་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན་ཤེས་མི་ཐུབ་པ་གང་ཡང་མེད།

རྒྱས་པར་གཟིགས།

ཤེས་ཡོན་སྲིད་བྱུས་སྐོར་དཔྱད་པ།

ཉིན་ཤས་སྔོན་སྡོད་ཁང་ཞིག་ཏུ་བཀའ་ཟུར་ལྷན་ཚོགས་ཀྱིས་ཕུལ་བའི་དོན་ཚན་བཅུ་སྐོར་ལ་གླེང་མོལ་བྱ་བཞིན་ཡོད་སྐབས་གྲོགས་པོ་དཀོན་མཆོག་བསྟན་འཛིན་ལགས་ནས་བོད་ཀྱི་བང་ཆེན་གྱི་གསར་ཤོག་སྟེང་དུ་རྗེ་བཙུན་པདྨ་ལགས་ནས་རང་གཞུང་བཀའ་ཤག་སྐབས་བཅུ་གཉིས་པས་གཏན་ལ་ཕབ་པའི་སྲིད་བྱུས་དེ་ལག་ལེན་བསྟར་རྒྱུ་མིན་ཞེས་གསལ་འདུག་གསུངས། ཐོག་མར་གནས་ཚུལ་དེ་གོ་མ་ཐག་ཡིད་མ་ཆེས། འོན་ཀྱང་ཉིན་རྗེས་མར་ཟ་ཁང་གི་ཅོག་ཙེའི་སྟེང་བང་ཆེན་གྱི་གསར་ཤོག་མཐོང་སྟེ་ཀློག་འགོ་འཚུགས་སྐབས་ཆེད་དུ་བརྗོད་པའི་གཏམ་དུ་ཤེས་ཡོན་སྲིད་བྱུས་དང་བོད་མི་རིགས་ཞེས་པར་ྋགོང་ས་མཆོག་གི་བཀའ་སློབ་དང་འབྲེལ་བཀའ་ཤག་སྐབས་བཅུ་གཉིས་པས་གཏན་ལ་ཕབ་པའི་སྲིད་བྱུས་དེ་གལ་ཆེ་ཡིན་སྐོར་བརྗོད་འདུག

རྒྱས་པར་གཟིགས།

ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་བསམ་ཚུལ།

བོད་ནང་ཛ་དྲག་ཇེ་ཆེ་དང༌། དྲག་གནོན་རྒྱུན་འཁྱོངས་བྱེད་པ་དེ་ནི་བོད་མིའི་རྩ་བའི་ཁེ་ཕན་རང་བཙན་རྣམ་པ་གསར་པ་རྒྱུན་མཐུད་པ་ཧ་ཅང་ཡག་པོ་རེད། རྒྱ་དམར་བཙན་འཛུལ་བས་དྲག་གནོན་མཐའ་འཁྱོངས་བྱས་ཀྱང༌། དྲག་གནོན་མ་ཐུབ་པའི་ཚུར་སྣང་ལན་ཆ་གསལ་པོ་ངོ་སྤྲོད་བྱས་པ་རེད། མདའ་ཡིས་ཁོང་ཁྲོ་འབིག་མི་ཐུབ། གྲི་ཡིས་ཆུ་གཅོད་མི་ཐུབ། ཟེར་བའི་བདེན་དོན་གསལ་བཤད་བྱས་པ་ལས་རྒྱ་དམར་ཞེ་པོ་ཡིན་པའི་མཚོན་རྟགས་མ་རེད་ལ། བོད་མིའི་སྙིང་སྟོབས་དེ་དྲག་གནོན་མི་ཐུབ་པའི་ལོ་རྒྱུས་དེབ་ཐེར་ཁ་ཕྱེ་བ་ཞིག་རེད། དབུ་མའི་ལམ་ནི་ྋགོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དགོངས་བཞེས་བླ་ན་མེད་པ་རེད།

རྒྱས་པར་གཟིགས།

ཚང་མ་འབབ་ས་གཅིག་ལ་འབབ་ཐུབ་སོང༌།

དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འཚོགས་གྲུབ་པ་དང༌། ཚོགས་ཆེན་སྐབས་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབས་བཅས་ཀྱི་འོག་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ལ་ཚོགས་ཆུང་ཁག་བཅོ་ལྔར་བགོས་ནས་བགྲོ་གླེང་གང་མང་གནང་བ་དང༌།

རྒྱས་པར་གཟིགས།

སླར་ཡང་འགོ་འཛུགས་ས་དེར་སླེབས་ཡོད།

བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་བཞིན་ཡོད་པ་དང༌། ཚོགས་ཆེན་འདིའི་ཐོག་ཏུ་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་སམ། འཐབ་རྩོད་ཀྱི་དམིགས་ཡུལ་གསལ་པོ་ཞིག་བཟོ་ཐུབ་དགོས་པ་ཧ་ཅང་གལ་ཆེ་སྙམ།

རྒྱས་པར་གཟིགས།

ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ནང་གནས་ཚུལ་རྒྱུག་ཆེ་ཤོས་ཤིག་ནི་ཕྱི་ཚེས་༡༦ ནས་༢༣ བར་ཚོགས་པའི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན་དེ་ཡིན་པ་དང༌། ཚོགས་ཆེན་དེ་པི་རུའི་རྒྱལ་ཁབ་ཀྱིས་གོ་སྒྲིག་བྱས་ཏེ། འཛམ་གླིང་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༡ ཚོགས་ཞུགས་བྱས་ཡོད་པ་རེད། རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་ལས་འཁོར་རྒྱུག་ཉམས་ཆག་ཕྱིན་པར་བསྒྱུར་བཅོས་དང་སླར་གསོ་གཏོང་བའི་གྲོས་ཆོད་བཞག་ཡོད་པ་རེད། ཚོགས་ཆེན་དེའི་ནང་འཛམ་གླིང་གི་ཚོང་པ་གྲགས་ཅན་༨༠༠ ཐམ་པ་འཛུལ་ཞུགས་ཀྱིས་བགྲོ་གླེང་གནང་ཡོད་པ་རེད།

རྒྱས་པར་གཟིགས།

བོད་མི་བཞི་ལ་ཁྲིམས་ཆད།

ད་ལྟ་བོད་ནང་དུ་ཁྲིམས་ཆད་གཏོང་ས་མང་དུ་འགྲོ་བཞིན་ཡོད་པ་ལྟར། ཉེ་ཆར་གནས་ཚུལ་ཤེས་གསལ་ལྟར་ན། འདི་ལོའི་ཧོར་ཟླ་༡༠ ཚེས་༢༢ ཉིན་མདོ་སྨད་ཤིས་ཚང་སྒར་གསར་དགོན་པའི་གྲྭ་ཆོས་གྲགས་རྒྱ་མཚོ་དང༌། འཇམ་དབྱངས་བསྟན་པ། ཤིས་ཚང་དཔོན་སྐོར་སྡེ་བའི་མི་སྐྱ་པོ་ཧྲི་དང༌། དར་རྒྱས་ཟེར་བ་བཅས་རྒྱ་ནག་གཞུང་ཀླུ་ཆུ་རྫོང་དུ་ཁྲིད་ནས་གྲྭ་ཆོས་གྲགས་རྒྱ་མཚོ་ལོ་༨ ཀྱི་ཁྲིམས་ཆད་དང༌།

རྒྱས་པར་གཟིགས།

འབར་གས་ཀྱི་དོན་རྐྱེན་འོག་ནས་འཇུ་བཟུང༌།

ཕྱི་ལོ་༢༠༠༨ཟླ་༣ཚེས་༡༠ ཉིན་ནས་བཟུང་བོད་ས་ཡོངས་སུ་རྫོགས་པའི་རྩམ་ཟན་བོད་མི་ཚང་མས་རྒྱ་ནག་དམར་པོའི་མི་སྤྱོད་ལས་འདས་པའི་མནར་གཅོད་དེ་དག་ལ་མི་བཟོད་པར་ཞི་བའི་ལས་འགུལ་སྣ་ཚོགས་སྤེལ་བར་རྒྱ་དམར་ནས་དྲག་གནོན་གྱིས་བོད་མི་གྲངས་ལས་འདས་པ་དམར་གསོད་དང་འཛིན་བཟུང་ཕྱོགས་གང་ས་ནས་བྱས་པ་དང༌། དེ་བཞིན་ས་གནས་གང་སར་རྒྱལ་གཅེས་ཆོས་གཅེས་ལས་འགུལ་མི་མཐུད་དུ་སྤེལ་བ་དང་ཐ་ན་གཟུགས་མཐོང་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར་ཐོག་ཏུ་ཡང༌། ྋགོང་ས་མཆོག་ལ་མཚན་སྨད་དང༌།

རྒྱས་པར་གཟིགས།