དྷ་སར་རྒྱ་མི་ཞིག་འཇུ་བཟུང་དང་གསང་ཉུལ་བའི་དོགས་གཞི།
ཟླ་འདིའི་ཚེས་༡༤ ཉིན་ྋགོང་ས་མཆོག་བཞུགས་སྒར་དྷ་སར་ཞབས་སོར་འཁོད་ཡོད་པ་དང༌། ཉིན་དེར་དྷ་ས་མེག་གྷན་དུ་རྒྱ་གར་ཉེན་རྟོག་པས་རྒྱ་མི་ཞིག་འཇུ་བཟུང་བྱས་ཡོད་འདུག གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཀང་ར་རྫོང་གི་སྐོར་སྲུང་སྤྱི་ཁྱབ་པས་འཇུ་བཟུང་བྱས་པ་དེ་རྒྱ་ནག་གི་མི་ཡིན་པ་དང༌། ཁོང་ལ་དགོས་ངེས་ཀྱི་ཡིག་ཆ་གང་ཡང་མེད་པར་བརྟེན། སྐོར་སྲུང་བས་ཕྱི་རྒྱལ་མི་སྣའི་ཁྲིམས་གཞིའི་འོག་ནས་འདྲི་རྩད་དང་འཇུ་བཟུང་བྱས་པ་ཡིན་སྐོར་བརྗོད་ཡོད་འདུག ཡང་ཁག་ཅིག་གིས་བརྗོད་གསལ་ལྟར་ན་རྒྱ་རིགས་དེར་དགོས་ངེས་ཀྱི་ཐོང་མཆན་ལག་ཁྱེར་གང་ཡང་མེད་པར་རྒྱ་གར་ནང་ཐེངས་ཁ་ཤས་ལ་ཡོང་བ་དང༌། ཁོང་གསང་ཉུལ་བའི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་ཡིན་སྐོར་བརྗོད་མཁན་ཡང་འདུག ཡང་ཉིན་དེར་ྋགོང་ས་མཆོག་ཆིབས་བསྒྱུར་མ་གནང་བའི་ཅུང་སྔོན་དེར་མི་ཁ་ཤས་ཀྱིས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཕོ་སར་མེ་མདའ་ལྐོག་ཉར་བྱས་ཡོད་མཁན་བཞི་ཙམ་མཐོང་བ་དང༌།
རྒྱས་པར་གཟིགས།
ཟླ་འདིའི་ཚེས་ ༡༠ ཉིན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ལ། སྐྱེ་རྒུའི་བདེ་སྡུག་དོན་དུ་ཆེས་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་མཚོན་སླད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་བཅུ་དགུ་འཁོར་བའི་དུས་དྲན་དང་བསྟུན་ནས། བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་གཞས་པ་ཁག་ཅིག་གིས་མ་སྐུལ་དང་བླངས་ངང་རྡ་རམ་ས་ལར་ལྷན་འཛོམས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་ཞེས་པ་ཞིག་གོ་སྒྲིག་ཞུས་ཡོད་པ་དང༌། དེར་རྡ་རམ་ས་ལའི་བོད་མི་དང༌། རྒྱ་གར་ཡུལ་མི། ཕྱི་རྒྱལ་བ་སོགས་མི་རིགས་སྣ་ཚོགས་ཀྱི་མི་མང་བརྒྱ་ཕྲག་མང་པོ་སྤྲོ་སེམས་འཁོར་བའི་ངང་ནས་བོད་ཀྱི་གླུ་གཞས་ཀྱི་སྒྱུ་རྩལ་ལ་རོལ་མྱོང་བྱེད་པའི་གོ་སྐབས་ཤིག་ཀྱང་ཕུལ་ཡོད་པ་རེད།
མོན་གྷོ་འདོད་རྒུ་གླིང་དུ་གཟེངས་རྟགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་མཛད་སྒོ།
ལོ་ལྟར་བཞིན་སྲོང་བཙན་སློབ་གྲྭའི་ཁང་ཚན་བཞིའི་སློབ་མ་ནང་ཁུང་ལུས་རྩེད་འགྲན་བསྡུར་བྱེད་སྲོལ་ཡོད་པ་བཞིན། ཟླ་འདིའི་ཚེས་༥ ཉིན་སློབ་གྲྭ་རྩེད་འགྲན་ཐེངས་༢༣ པ་དེ་སློབ་དེ་གའི་རྩེད་ཐང་དུ་གནང་ཡོད་པ་རེད། དེར་སྐུ་མགྲོན་གཙོ་བོར་ཆུ་བཟང་རིན་པོ་ཆེ་མཆོག་དང༌། བལ་ཡུལ་གནས་སྡོད་སྤྱི་འཐུས་རྣམ་པ། ཕ་མ་ཚོགས་ཆུང་བཅས་མི་མང་ཕོན་ཆེ་འདུ་འཛོམས་ཐོག། ཐོག་མར་སློབ་མ་ཡོངས་ནས་རིམ་པས་ཁང་ཚན་སོ་སོའི་མིང་བྱང་ཁྱེར་ནས་རུ་སྒྲིག་གིས་གོམ་བགྲོད་བྱས་རྗེས། སྐུ་མགྲོན་གཙོ་བོ་ཆུ་བཟང་རིན་པོ་ཆེས་ཨོ་ལིམ་ཕིག་གི་དར་ཆ་མཁའ་དབྱིངས་སུ་བསྒྲེངས་ཤིང༌། རྩེད་འགྲན་དབུ་འཛུགས་ཀྱི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
༄༅། །ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་བཅུ་དགུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད།
ཟླ་འདིའི་ཚེས་༡༠ ཉིན་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཞི་བཅུ་ཞེ་བརྒྱད་འཁོར་བ་དང༌། ཧི་མ་ཅལ་མངའ་སྡེའི་གཞུང་ནས་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ལ་ཆེ་བསྟོད་རྒྱལ་ཡོངས་ཧི་མ་ལ་ཡའི་དགའ་སྟོན་ཐེངས་བཅུ་བཞི་པ་གཉིས་ཀྱི་དུས་དྲན་བོད་གཞུང་མང་གཉིས་ནས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་ཡོད་པ་རེད།