རྩོམ་ཡིག

སྐད་ཡིག་ཉམས་ཆག་ལས་འཕྲོས་པའི་བསམ་གཞིག

ཐུབ་བསྟན་བཀྲ་ཤིས།  ལྷོ་ཕྱོཌ་མོན་གྷོ།
དེ་རིང་ངས་འདིར་བརྗོད་འདོད་པ་ནི་ཤི་གསོན་གྱི་སོ་མཚམས་སུ་སླེབས་ཡོད་པའི་བོད་ཀྱི་ཚེ་སྲོག་གི་ལྷག་འཕྲོ་མཐུད་བྱེད་ཀྱི་འགག་རྩ་གཅིག་པུའམ་ད་དུང་མ་ཤི་གསོན་པོར་སའི་གོ་ལའི་མཐོ་སྒང་འདི་ནས་འཛམ་གླིང་མི་མང་དང་དཔུང་པ་མཉམ་གཤིབ་ཀྱིས་གནས་ཐུབ་པ་འདི་ནི། རང་ཅག་བོད་གངས་ཅན་པའི་རྩ་ཆེའི་རིག་གཞུང་ངམ་ནང་བསྟན་ཆོས་ལུགས་འདི་དང་

རྒྱས་པར་གཟིགས།

༧ཏཱ་ལའི་བླ་མ་རྒྱ་གར་གྱི་བུ་ཡིན་ནམ།

ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་དོན་འགྲུབ་རྒྱལ་པོ།

ནུས་སྟོབས་རྒྱས་ན་འགན་འཁུར་འཕེར་ཞེས་བཤད་སྒྲོས་སུ་ཡོད་ཀྱང་། དེང་འཛམ་གླིང་ནང་ཆེས་སྟོབས་ཆེན་རྒྱལ་ཁབ་ཡིན་རློམ་བྱེད་པའི་རྒྱ་ནག་གཞུང་གི་འཐབ་བྱུས་ལ་གཞིགས་ན། ཁོང་ཚོར་རང་ཤེད་ཀྱི་ང་རྒྱལ་ཆེ་དྲགས་པ་དང། བསམ་ཤེས་ཀྱི་རྣམ་དཔྱོད་ཆུང་དྲགས་པའི་གནས་སྟངས་ཤིག་གསལ་པོར་མཐོང་ཐུབ། རྒྱལ་སྤྱིའི་ནང་སྟོབས་འབྱོར་དང་ཆབ་སྲིད་ཀྱི་དབང་ཐང་དར་རྒྱས་སུ་ཕྱིན་པའི་ཁེ་སྤོགས་བག་མེད་དུ་སྤྱོད་བཞིན་པའི་སྐབས་འདིར། རྒྱ་ནག་ནང་ཁུལ་ལ་དཀའ་རྙོག་སྣ་མང་འཛིངས་ཐེབས་བསྡད་ཡོད་པར་སྲིད་གཞུང་གིས་བློ་འཚབ་དང་དོགས་འདྲོགས་ཆེན་པོ་བྱེད་བཞིན་པ་དེའང་མངོན་གསལ་དུ་གྱུར་ཡོད།

རྒྱས་པར་གཟིགས།

མི་རིགས་ས་གནས་རང་སྐྱོང་ལས་འཕྲོས་པའི་བསམ་གཞིག

བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ནི་‘འགྱུར་བ་མ་ནིང་ལྟ་བུ་’ཞིག་ཡིན་པས་ད་དུང་འགྱུར་ཆོག། །(༡༩༤༠-༢༠༡༠)


ཆོས་ཉིད་འོད་ཟེར།    དྷ་ས།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་འགོ་ཚུགས་པ་ནས་བོད་གཞུང་གི་ངོས་ནས་མ་འོངས་པར་བོད་རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་སྟངས་ཀྱི་སྲིད་ཇུས་དེ་ཕར་བསྒྱུར་ཚུར་བསྒྱུར་གྱིས་‘འགྱུར་བ་མ་ནིང་’ལྟ་བུའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་སྟེ། ད་ལྟ་བོད་གཞུང་བཙན་བྱོལ་དུ་གྱར་ནས་ལོ་ལྔ་བཅུ་ང་གཅིག་ཟིན་གྱི་ཡོད། དེ་དང་ཕྱོགས་མཚུངས་བོད་མི་སྒེར་པ་རྣམས་ཀྱིས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་བཟུང་ཡོད་ལ།

རྒྱས་པར་གཟིགས།

བོད་དང་བོད་མིར་རྐྱེན་ངན་གྲོགས་ཤར།

བྱང་ཨ་རིའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ།

དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང། གྲོགས་འབྲེལ། གཉེན་ཉེ་ཕན་ཚུན་བཀའ་མོལ་མང་ཆེ་བ་དེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་རྙོག་ཟིང་སྐབས་སྒྲོན་པའི་བརྙན་འཁོར་གཟིགས་ཞིབ་གནང་བས། འགའ་ཤས་ནི་བརྗོད་བྲལ་ཧང་སངས་འགའ་ཤས་ནི་ཐུགས་ཕམ་གང་དྲག་ཅི་དྲག འགའ་ཤས་ནི་ང་ཚོའི་རེ་བ་དང་ཡིད་ཆེས་ཞུ་སའི་ཁ་དོག་འདི་འདྲ་ཨེ་ཡིན་ཡང།

རྒྱས་པར་གཟིགས།

ཚན་པ་གསུམ་གྱི་རང་སྐྱོང་།

བོད་ཆོལ་ཁ་གསུམ་ལ་ཚན་པ་གསུམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་བཀའ་ཤག་ལ་ཕུལ་བ།

སེར་སྨད་བློ་དགའ།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས།། ཞེས་པ་ལྟར་མཁས་པ་ལ་དྲན་གསོའི་ཚུལ་དུ་ཅུང་ཟད་ཅིག་སྤྲོས་འདོད་ཆེ་ལ།

རྒྱས་པར་གཟིགས།

བོད་ཀྱི་འཐབ་ཕྱོཌ་གཅིག་གྱུར་ལ་ཉེན་ཁ་སླེབས་ཡོད་པས་གཟབ་དགོས།

འཇིགས་བྲལ་བསྟན་འཛིན།
གླེང་སློང་བ།
དེང་སང་སྐོར་ཞིག་གིས་ཆོལ་ཁའི་སྤྱི་འཐུས་མི་དགོས་པར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་དགོས་སྐོར་དང།  ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པའི་གནད་དོན་ཞིག་གཞི་རིམ་མང་ཚོགས་ཀྱི་དཀྱིལ་འཁོར་ནང་སྤེལ་བཞིན་ཡོད།

རྒྱས་པར་གཟིགས།

མ་སུ་རི་བོད་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་༥༠ འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ།

རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༼༡༩༦༠༌༣༣-༢༠༡༠༌༣༌༣༽

བློས་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་དུ་འཇོག་པ་ལྟར་ཤེས་བྱ་ནི་སྤྱི་དང་སྒེར། རང་དང་གཞན་ཚང་མར་མེད་དུ་མི་རུང་བའི་ཡོན་ཏན་ཞིག་ཡིན། དུས་ཚོད་འགྱུར་བ་འགྲོ་བ་ཆབས་ཅིག་འཛམ་བུ་གླིང་པ་རྣམས་ཀྱང་འགྱུར་བ་ཕྱིན་ཏེ་གོམ་པ་མདུན་ནས་མདུན་ཕྱོགས་སུ་སྤོས་ཏེ་ཡར་རྒྱས་ཀྱི་འགྱུར་བའི་ཐོག་འགྲོ་བཞིན་པ་རེད།

རྒྱས་པར་གཟིགས།

བཀའ་བློན་ཁྲི་པའི་འོས་བསྡུའི་བསྒྱུར་བཅོས།

མཁས་དབང་བློ་བཟང་སེངྒེའི་འོས་བསྡུའི་སྐོར་གྱི་ཆེད་རྩོམ།
(བློ་བཟང་སེངྒེ་ཁོང་གིས་ལོ་དྲུག་གི་རིང་ལ་དྷ་རམ་ས་ལ་གཙོ་བྱས་པའི་ས་གནས་ཁག་ནས་ཞིབ་འཇུག་བྱས་མཐར། མཐར་ཕྱིན་ཞིབ་འཇུག་ཆེད་རྩོམ་ཕྱི་ལོ་༡༩༥༩ ནས་༢༠༠༤ བར་གྱི་མང་གཙོ་དང་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་སྐོར་བྲིས་པར། Yong k. Kim 95 Special Award of Excellence ཞེས་པའི་དམིགས་བསལ་ཕུལ་བྱུང་གཟེངས་རྟགས་ཐོབ་ཡོད་པ་དང། དེ་བཞིན་ཁོང་གིས་བོད་ཡིག་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་ཀྱང་བཏོན་གནང་མཛད་མྱོང་ཡོད་པ་རེད།)

རྒྱས་པར་གཟིགས།

བསམ་བློའི་ཀུན་སློང་ཐད་བརྗོད་པ།

གཡུ་སྒང་དགེ་འདུན།    དྷ་ས།
ངས་འདིར་ང་ཚོའི་སྐྱོན་གླེང་ན། དང་པོ་རང་སྟེང་ལ་མཛུབ་མོ་འཛུགས་དགོས་ལ། ལྷག་པར་རང་གི་ཤེས་འཇོན་དང་གཞན་གྱི་ཤེས་འཇོན་གྱི་ཁྱད་པར་ལ་བརྟག་སྟེ་བཤད་རྒྱུ་ཧ་ཅང་གལ་ཆེ། འོན་ཀྱང་ངས་འདིར་ཤེས་འཇོན་ལ་སྐྱོན་བརྗོད་བྱེད་རྒྱུ་མིན་པར། བསམ་བློའི་ཀུན་སློང་གི་ཐད་བརྗོད་པ་ཡིན། དེ་ལའང་ནང་གསེས་གཉིས་དབྱེ་ཆོག།དང་པོ་རང་ཉིད་ཆབ་སྲིད་ངོ་བོའི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་དང་མི་རིགས་བསམ་དགོས་པ་དང། གཉིས་པ་རང་མི་རིགས་ཀྱི་སྐད་ཡིག་ལ་བསམ་དགོས། ངས་འདིར་རང་ཉིད་ཀྱིས་རྒྱུས་ལོན་དང་མྱོང་ཚོར་དངོས་བཤད་པ་ལས། ཧོལ་རྒྱུགས་དང་སྐབས་འཚོལ་སོགས་གཏན་ནས་མིན། འདིར་ངའི་སྐད་ཆའི་བརྒྱུད་རིམ་ཁྲོད་ང་ལ་སྡང་སེམས་དང་འཁོན་སེམས་སློང་མཁན་ཡོང་སྲིད་མོད།

རྒྱས་པར་གཟིགས།

གཞན་གྱི་གོད་ཆག་ལས་རང་ལ་བསླབ་བྱ་འཐོབ་པ་བྱེད་དགོས།

བཀྲ་ལྷ་ཉི་མ་རྡོ་རྗེ།      དྷ་ས།
འདས་པའི་ཉིན་ཤས་རིང་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ཛ་དྲག་ཆེ་ཤོས་ནི། ཧའེ་ཏིའི་ནང་བྱུང་བའི་ས་འགུལ་གྱི་གནོད་འཚེ་ཚབས་ཆེན་ཕོག་པ་དེ་ཡིན་པ་ཚང་མས་མཁྱེན་གསལ་རེད། ང་ཚོ་བོད་པ་ཚོས་གོད་ཆག་ཕོག་པའི་མི་དང་སྒོ་ཕྱུགས་སེམས་ཅན་ལ་དམིགས་ནས་སྙིང་རྗེའི་བསམ་པ་བསྐྱེད་པ་དང་མ་ཎི་ཚིག་འགའ་བགྲང་ཡོད་སྲིད་ཀྱང༌། རང་ཉིད་གནས་ས་འདིར་ས་ཡོམ་གྱི་ཉེན་ཁ་ཇི་ཙམ་ཡོད་པ་དང་རང་བྱུང་ཁམས་ཀྱི་གོད་ཆག་འདི་ལྟ་བུ་ཞིག་རང་གི་མགོ་ཐོག་ཏུ་ལྷུང་ན་དེ་ལ་དཔག་པའི་གྲ་སྒྲིག་གང་ཞིག་བྱེད་དགོས་མིན་ཐད་བསམ་བློ་འཁོར་མཁན་ནི་ཉིན་མོའི་སྐར་མ་ལྟར་ཧ་ཅང་དཀོན།

རྒྱས་པར་གཟིགས།