བོད།

འཇིགས་མེད་ལོ་ཙཱ་བསྐྱར་དུ་འཇུ་བཟུང༌།

བོད་ནང་ནས་མི་མང་ལ་བོད་དོན་སྐོར་བསམ་ཚུལ་བསྡུ་ལེན་བྱས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་པ་འཇིགས་མེད་ལོ་ཙཱ་ཉེ་བའི་ཆར་བསྐྱར་དུ་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད་ཀྱང༌། ད་ལྟའི་གནས་སྟངས་གསལ་རྟོགས་བྱུང་ཐུབ་མེད་པ་རེད། དོན་གྲུབ་དབང་ཆེན་ལགས་དང༌། འཇིགས་མེད་ལོ་ཙཱ་གཉིས་ཀྱིས་བོད་ནང་གི་མི་མང་བརྒྱ་ལྷག་ལ་བཅར་འདྲི་བྱས་ཏེ། རྒྱ་ནག་གི་བཙན་གནོན་འོག་གི་བོད་མིའི་གནས་སྟངས་གསལ་བཤད་བྱས་ཡོད་པ་དང༌། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ནང་ཁོང་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དེ་རྗེས་འཇིགས་མེད་ལོ་ཙཱ་ལགས་གློད་གྲོལ་བཏང་ཡོད་ནའང༌། ཉེ་བའི་ཆར་ཁོང་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པ་ཙམ་ལས། གཞན་གནས་སྟངས་གང་ཡང་གསལ་རྟོགས་བྱུང་ཐུབ་མེད་པ་དང༌། དེ་བཞིན་དོན་གྲུབ་དབང་ཆེན་ལགས་ཀྱི་གནས་སྟངས་ཀྱང་ཤེས་རྟོགས་གང་ཡང་མེད་པ་རེད།

རྒྱས་པར་གཟིགས།

མདོ་སྨད་མང་ར་རྫོང་གི་ལས་བྱེད་ཅིག་འཇུ་བཟུང༌།

ཉིན་ཤས་སྔོན་མང་ར་རྫོང་སྤྱི་བདེ་དམག་མིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་མང་ར་རྫོང་སུམ་མདོ་ཞང་སྲིད་གཞུང་གི་གཞུང་ཞབས་བཀྲ་ཤིས་དོན་འགྲུབ་བམ་མིང་གཞན་དུ་དོ་ལ་ཟེར་བའི་རང་ལོ་༢༧ ཡིན་པ་ཞིག་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་རྒྱ་གཞུང་སྤྱི་བདེ་མི་སྣས་བཀྲ་ཤིས་དོན་འགྲུབ་ཀྱི་ཀློག་ཀླད་རྩིས་འཁོར་དང་ལག་ཁྱེར་ཁ་པར་སོགས་ཀྱང་བཙན་ཕྲོགས་བྱས་ཡོད་པ་དང༌། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བཀྲ་ཤིས་དོན་འགྲུབ་ལགས་ད་ལྟ་མང་ར་རྫོང་སྤྱི་བདེ་ལས་ཁུངས་དོ་དམ་ཁང་དུ་བཀག་ཉར་བྱས་ཡོད་འདུག

རྒྱས་པར་གཟིགས།

དཀར་མཛེས་སུ་རྒྱ་རྒོལ།

ཁམས་དཀར་མཛེས་རྫོང་དུ་གསུམ་བཅུའི་དུས་དྲན་རྗེས་ཚེས་༡༡། ༡༢། ༡༤ བཅས་ཀྱི་ཉིན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མོས་མཐུན་མེད་པ་དང༌། ྋགོང་ས་མཆོག་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་བྱེད་མཁན་བྱུང་འདུག  ཟླ་འདིའི་ཚེས་༡༡ དཔལ་ལྡན་རིན་ཆེན་གྱི་བུ་མོ་ཚེ་རིང་ལྷ་མོ་དང༌། ཉི་མ་ཚེ་རིང་གི་བུ་མོ་ཐུབ་བསྟན་ལྷ་མོ། ཡེ་ཤེས་དབང་འདུས་ཀྱི་བུ་མོ་ཡེ་ཤེས་ལྷ་མོ་བཅས་ཀྱིས་དཀར་མཛེས་ལྟ་ཆུ་མདོ་རུ་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ། སྐར་མ་ཁ་ཤས་རྗེས་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

རྒྱས་པར་གཟིགས།

ཀིརྟི་དགོན་པའི་རྒྱ་རྒོལ།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཁག་ཅིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག ཟླ་འདིའི་ཚེས་ ༡༠ མཚན་མོར་མཛོད་དགེ་འབྲིང་བ་སུམ་མདོ་དགོན་པའི་ནང་བོད་རང་བཙན་ཡིན། ྋགོང་ས་མཆོག་བོད་ལ་གདན་འདྲེན་བྱ་དགོས་སོགས་ཀྱི་ནང་དོན་འཁོད་པའི་ཡི་གེ་མང་པོ་ཞིག་སྦྱར་འགྲེམ་བྱས་པར་བརྟེན། རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་དགོན་པའི་གྲྭ་པ་རྣམས་ལ་འདྲི་རྩད་བྱས་ཏེ། ཡི་གེ་སྦྱོར་མཁན་སུ་ཡིན་ཐད་རྩད་གཅོད་བྱེད་མུས་ཡིན་པ་དང༌། སྟག་ཚང་ལྷ་མོ་ཀིརྟི་དགོན་པ་སོགས་མཛོད་དགེ་ཕྱོགས་ཀྱི་དགོན་པ་ཁག་ཏུ་དམག་དཔུང་མང་བོ་བཀྲམ་ནས་དམ་དྲག་བྱེད་ཤུགས་ཆ་རུ་བཏང་སྟེ། དགེ་འདུན་པ་དགོན་པའི་ཕྱི་ལ་འགྲོ་བསྐྱོད་བྱེད་མི་ཆོག་པ་དང༌། མི་མང་དགོན་པའི་ནང་ཡོང་འཇུག་གི་མི་འདུག

རྒྱས་པར་གཟིགས།

ཉག་རོང་དུ་མི་གསུམ་འཛིན་བཟུང།

བོད་ནས་འབྲེལ་ཡོད་བརྒྱུད་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༡༠ གསུམ་བཅུའི་དུས་དྲན་ཉིན་དཀར་མཛེས་ཁུལ་ཉག་རོང་རྫོང་ཐང་སྐྱ་ཤང་ནས་ཡིན་པ་པདྨ་ཡེ་ཤེས་དང༌། བསོད་ནམས་མགོན་པོ། ཚངས་དབྱངས་རྒྱ་མཚོ་གསུམ་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ཕྱི་ཟླ་༢ ཚེས་༢༥ བོད་ཀྱི་ལོ་སར་ཉིན་ཐང་སྐྱ་ཤང་སྲིད་གཞུང་ལ་མེ་བརྒྱབ་ནས་ཚང་མ་མེར་བསྲེག་བཏང་ནས་ཐལ་བར་བསྒྱུར་ཡོད་པ་དང༌། མི་ལ་གནོད་སྐྱོན་གང་ཡང་བྱུང་མེད་པ་རེད། གོང་གསལ་མི་གསུམ་གནད་དོན་དེ་ལ་བརྟེན་ནས་འཛིན་བྱས་པ་ཞིག་ཡིན་འདུག་པ་དང༌། ཁོང་རྣམས་འཛིན་བཟུང་བྱེད་པའི་སྐབས་མེར་སྲེག་གཏོང་མཁན་ང་ཚོ་ཡིན་པ་མ་ཟད། བོད་ལ་རང་དབང་མེད་པར་རྒྱ་གཞུང་གི་གཉའ་ནོན་དང་བཤུ་གཞོག་གི་འོག་ཏུ་ཡོད་སྟབས་སེམས་ཚོར་མ་བཟོད་པར་དེ་ལྟར་བྱས་པ་ཡིན། བོད་ལ་རང་བཙན་དགོས་ཞེས་སྐད་འབོད་ཤུགས་ཆེ་བརྒྱབ་པ་དང་འབྲེལ་ཉེན་རྟོག་པས་མི་དེ་དག་གི་ཁའི་ནང་རས་བརྫངས་ནས་སྐད་འབོད་བྱེད་མི་ཐུབ་པ་བཟོས་ཡོད་འདུག

རྒྱས་པར་གཟིགས།

༣་༡༠ དུས་དྲན་ཉིན་གྱི་བོད་ཀྱི་རྒྱལ་དར།

བོད་ཀྱི་གསུམ་བཅུའི་དུས་དྲན་ཉིན་ཏེ། ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པ་ནམ་ལངས་དུས་ཨ་མདོ་ར་རྒྱ་དགོན་པའི་གཙུག་ལག་ཁང་གི་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ཡོད་པ་དང༌། དེ་བཞིན་ཡིག་ཆ་སྦྱར་འགྲེམས་བྱས་པའི་ནང་རྒྱ་ནག་གིས་སྤྲད་པའི་ཁྲ་ཁྲ་ཟང་ཟིང་ལ་མགོ་འཁོར་བ་ལས་བོད་མི་རིགས་ཀྱི་ཆེད་དུ་ཤི་ན་དགའ་བ་རེད། རྒྱ་ནག་གི་མགོ་སྐོར་འོག་ཏུ་མ་ཚུད་པ་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་འཁོད་ཡོད་འདུག ད་ལྟ་རྒྱ་ནག་གི་དམག་མི་མང་དུ་བཏང་ནས་དགོན་པ་དེར་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་འདུག

རྒྱས་པར་གཟིགས།

གསུམ་བཅུའི་དུས་དྲན་ཉིན་ལི་ཐང་དུ་རང་བཙན་སྐད་འབོད།

ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་མིས་ཞི་བའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ཉིན་ཁམས་ལི་ཐང་དུ་སྔ་ཕྱིར་གྲྭ་པ་གཉིས་ཀྱིས་ཞི་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁམས་ལི་ཐང་རྫོང་དུ་ཉིན་གུང་ཆུ་ཚོད་༡༢ ཐོག་འབའ་གེ་མོ་ནས་ཡིན་པའི་གྲྭ་པ་ཞིག་གིས་སྐད་འབོད་བྱས་པ་དང་ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་བ་དང༌། བོད་རིགས་མི་མང་ཡང་ཧ་ཅང་མང་པོ་ཡོད་པས་གྲྭ་པ་དེ་ཉེན་རྟོག་པས་འཛིན་བཟུང་བྱེད་རྒྱུར་མི་མང་གིས་འགོག་རྒོལ་བྱས་པར་བརྟེན་སྐབས་དེར་འཛིན་བཟུང་བྱེད་ཐུབ་མེད་ཚུལ་ཡང་ཕྱི་ཕྱོགས་ལ་འགྲེལ་བརྗོད་བྱེད་མཁན་བྱུང་འདུག དེ་བཞིན་ཕྱི་དྲོ་ཆུ་ཚོད་༣།༣༠ ཐོག་ལི་ཐང་རྫོང་འབྲང་ལ་ཤང་ཀླད་དཀར་མདོ་དབྲ་བ་བཀྲ་ཤིས་ཚང་ནས་ཡིན་པ་རང་ལོ་༢༩ ཡིན་པ་གྲྭ་བློ་བཟང་དབང་ཕྱུག་གིས་

རྒྱས་པར་གཟིགས།

མཆོད་མེ་དྲ་རྒྱ་གཙོ་གཉེར་བྱེད་མཁན་འཛིན་བཟུང༌།

སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༦ ཉིན་རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་ཚེ་འཕེལ་༼དཀོན་མཆོག་ཚེ་འཕེལ་༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོ་པ་འཛིན་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་ཕྲོགས་ཡོད་འདུག སྐུ་ཞབས་ཚེ་འཕེལ་ལགས་ཀྱིས་ཕྱི་ལོ་༢༠༠༥ ན་གཞོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་མཉམ་འགྲོ་གྲོན་སྒེར་གཏོང་གིས་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བ་གསར་འཛུགས་བྱས་ཡོད་པ་དང༌། རྒྱ་གཞུང་གིས་ཕྱི་ལོ་༢༠༠༧།༢༠༠༨

རྒྱས་པར་གཟིགས།

ཁམས་དཀར་མཛེས་ཁུལ་དུ་རྒྱ་རྒོལ་དང་འཛིན་བཟུང༌།

འདི་ག་གསར་ཁང་དུ་ཏྲེ་ཆོས་ལགས་ཀྱིས་ཞལ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༣ ཚེས་༥ ཉིན་ཁམས་དཀར་མཛེས་ཁུལ་དུ་བུ་མོ་ཞིག་དང་ཨ་ནེ་ཞིག་གིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། དཀར་མཛེས་རྫོང་གི་བུ་མོ་རང་ལོ་༣༦ ཅན་བྱམས་པ་ལྷ་མོ་དང༌། གྲོང་སྡེ་གཞི་ལི་མདའ་ནས་ཡིན་པ་རང་ལོ་༢༢ ཅན་བཙུན་མ་པད་མ་དབྱངས་མཛོམས་གཉིས་ཀྱིས་དཀར་མཛེས་ཀྱི་རྫོང་གི་ལྟེ་གནས་སུ་ྋརྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ཡོད། བོད་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས། དེ་བཞིན་བོད་ཀྱི་ཉེས་མེད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས། བོད་ལ་ཞི་བདེ་ལྷིང་འཇགས་མི་འདུག་ཅེས་པ་སོགས་བརྗོད་ནས་སྐར་མ་ཁ་ཤས་རྗེས་སུ་ཉེན་རྟོག་པ་ཡོང་ནས་འཛིན་བཟུང་བྱས་འདུག ད་ལྟ་དཀར་མཛེས་མི་མང་སྨན་ཁང་གི་མདུན་དུ་ཡོད་པའི་བཙོན་ཁང་གསར་པ་དེའི་ནང་བཅུག་ཡོད་འདུག ཡ་མཚན་པ་ཞིག་ལ་ད་ཐེངས་འཛིན་བཟུང་བྱས་པ་ཙམ་ལས་ཉེས་རྡུང་གང་ཡང་བཏང་མི་འདུག་ཟེར།

རྒྱས་པར་གཟིགས།

ཨ་མདོ་རྔ་སྟོད་དུ་མི་མང་གིས་རྒྱ་རྒོལ།

གནས་ཚུལ་ཤེས་གསལ་ལྟར་ན། ཕྱི་ཟླ ༣ པའི་ཚེས་ ༥ ཉིན་ཨ་མདོ་རྔ་པ་རྔ་སྟོད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ ༢༠ ལྷག་གིས་སྣེ་ཁྲིད་འོག ཚོ་དྲུག་གྲོང་ཚོའི་མི་སྐྱ་སོགས་མི་གྲངས་ ༢༠༠ ལྷག་གིས་བོད་རྒྱ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུའི་ལོ་ནག་སྲུང་བརྩི་བྱ་དགོས། ང་ཚོ་ལ་ཞི་བདེ་དང་རང་དབང་དགོས། བོད་མི་རྩམ་གཟན་ཚང་མ་ཡར་ལོངས་ཤོག ཅེས་དགོན་པ་ནས་སྤྱི་ལེ་ ༢ ལྷག་གི་མཚམས་སུ་ཞི་བའི་སྐད་འབོད་བྱས་ཡོད་པ་དང༌། ཁོང་ཚོ་མུ་མཐུད་རྔ་པ་རྫོང་ཐོག་ལ་འགྲོ་རྩིས་བྱེད་སྐབས། དགེ་འདུན་པ་ཚོའི་ནང་མི་དང་ཕ་མ་གཉེན་ཉེ་ཚོས་ངུ་འབོད་བྱེད་བཞིན་བཀག་འགོག་བྱས་ཤིང༌། དེར་ཡོད་རྫོང་ཉེན་རྟོག་པ་དང་དམག་མི་མང་པོས་མཐའ་བསྐོར་ཏེ། གྲྭ་བ་ཚོ་བཙན་གྱིས་ཕྱིར་དགོན་པར་ལོག་བཅུག་ཡོད་པ་དང༌། གྲྭ་ཏིང་འཛིན་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག ད་ལྟ་རྔ་སྟོད་སྒོ་མང་གྲྭ་ཚང་གི་ཕྱོགས་ཡོངས་སུ་དམག་མིས་བསྐོར་ཏེ་དམ་དྲག་བྱས་ཡོད་པ་མ་ཟད། དགེ་འདུན་པ་དང་མི་སྐྱ་ཚོ་དགོན་པའི་ནང་འགྲོ་འོང་བྱེད་པར་བཀག་བསྡོམས་བྱས་ཡོད་འདུག

རྒྱས་པར་གཟིགས།