བོད།

ས་སྟེང་གི་བོང་བུ་དང་ནམ་མཁའི་འབྲུག་གི་ཤ་ལས་ཞིམ་པ་མེད།

        ཉེ་ཆར་ཁམས་སྐྱེ་རྒུ་ཁུལ་ནས་ཕེབས་པའི་རྒན་པོ་ཞིག་གི་གསུང་དོན། ཁམས་སྐྱེ་རྒུ་ཁུལ་དུ་བོད་ཀྱི་རྩ་ཆེན་སེམས་ཅན་གླ་བ་སོགས་མང་པོ་ཞིག་རྒྱ་མིས་སྨན་དང་ཁ་ཟས་ཀྱི་ཆེད་དུ་བསད་དེ་སྟོངས་ལ་ཉེ་བ་ཙམ་དུ་མ་ཟད། སྲང་ལམ་སྟེང་གི་ཁྱི་ལྡོམ་ཡིན་རུང་ཁྱི་རེར་རྒྱ་སྒོར་བརྒྱ་དང་ཉིས་བརྒྱ་བར་སྤྲད་ནས་རྒྱ་མིའི་ཟ་ཁང་བདག་པོ་ཚོས་ཉོས་ཏེ། ཟི་ལིང་གྲོང་ཁྱེར་དུ་ཆེད་དུ་བོང་ཤ་དང་ཁྱི་ཤའི་ཟ་ཁང་བཙུགས། རྒྱ་མིའི་ཁ་རྒྱུན་ལ་ས་སྟེང་གི་བོང་བུ་དང་ནམ་མཁའི་འབྲུག་གི་ཤ་ལས་ཞིམ་པ་ཞིག་མེད་ཟེར་སྲོལ་ཡོད་པས། སྦྲུལ་འབྲུག་གི་རིགས་རྒྱུད་དུ་བརྩིས་ནས་ཟ་སྲོལ་ཡོད་པ་རེད། དེ་བཞིན་རྟ་རྒན་དང་མཛོ་རྒན་ཉོས་ཏེ་གྲོང་ཁྱེར་གྱི་ཟ་ཁང་ན་བཙོང་གི་ཡོད་པ་རེད།

རྒྱས་པར་གཟིགས།

བོད་མི་མཐོང་ཚད་ལ་མེ་མདའ་རྒྱག་གི་འདུག

        ཉེ་ཆར་ལྷ་ས་ནས་ཕེབས་པའི་བུད་མེད་གཉིས་ཀྱིས་འདི་ལོར་ལྷ་སའི་ཞི་རྒོལ་སྐབས་བྱུང་བའི་གནས་ཚུལ་ཇི་བཞིན་འགྲེལ་བརྗོད་གནང་དོན། ཕྱི་ཟླ་༣ པའི་ཚེས་༡༤ ཉིན་གྱི་སྔ་དྲོ་ང་ཚོ་བསང་གསོལ་ལ་ཕྱིན་པ་ཡིན། རཱ་མོ་ཆེ་ནས་གྲྭ་པ་ཚོ་མར་གཏོང་གི་མི་འདུག་ཟེར་བ་གོ་སོང༌། དེར་ཕྱིན་སྐབས་རྭ་མོ་ཆེའི་གྲྭ་པ་ཚོས་ཉེན་རྟོག་པའི་རླངས་འཁོར་གཅིག་ཨ་སློག་བརྒྱབ་ཚར་འདུག ཉེན་རྟོག་པ་མང་པོ་བཀྲམ་ནས་གྲྭ་པ་ཚོ་དགོན་པའི་ནང་དུ་བཀག་བསྡད་འདུག

རྒྱས་པར་གཟིགས།

རྒྱ་གཞུང་གིས་དྲ་གནས་བཀག་འགོག

རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་སྦི་སྦི་སིའི་དང༌། ཨ་རིའི་རྒྱང་བསྲིང་དྲ་གནས་གཙོས་བརྒྱུད་ལམ་ཁག་བཀག་འགོག་བྱས་ཡོད་པ་དང༌། སྤྱིར་དྲ་གནས་དེ་རྣམས་ཨོ་ལིམ་པིག་རྩེད་འགྲན་སྐབས་ནས་བཀག་ཟིན་པ་དང༌། ཉེ་ཆར་ཧོང་ཀོང་དང་ཐེ་ཝན་གཉིས་ཀྱི་དྲ་གནས་རྣམས་བཀག་པ་དང་ལྷན་དུ་དྲ་གནས་གཞན་རྣམས་བཀག་འགོག་ཤུགས་ཆེ་རུ་བཏང་ཡོད་འདུག ད་ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་རྐྱེན་གྱིས་འཛམ་གླིང་གིས་དོ་སྣང་དང་གནས་ཚུལ་མང་པོ་ཤེས་རྟོགས་ཀྱི་གོ་སྐབས་སྔར་ལས་མང་བ་ཐོབ་ཡོད་ནའང༌། ད་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་དང༌། གསར་འགྱུར་བརྒྱུད་ལམ་ཁག་ལ་བཀག་སྡོམ་གྱིས་རྙོག་གྲ་ཆེ་བའི་སྒང་ཡིན་པ་རེད། ལྷག་པར་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ཉི་ཤུ་དང༌།

རྒྱས་པར་གཟིགས།

ཡིད་སྐྱོའི་གནས་ཚུལ།

སྔོན་བྱོན་དམ་པ་མང་པོས་ལུང་གིས་བསྔགས་པའི་བླ་མ་ཐུབ་བསྟན་དཔལ་འབྱོར་ནི་མདོ་ཁམས་མི་ཉག་ནགས་ཕྲན་སྡེ་བར་སྐུ་འཁྲུངས་ཞིང་ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་གི་དངོས་སློབ་དུ་གྱུར། ཐུན་མིན་སྒོམ་སྒྲུབ་ཉམས་ལེན་གྱིས་གྲུབ་པ་ཐོབ་པའི་རྟགས་མཚན་ཆུ་བོའི་སྟེང་དུ་མི་ནུབ་པར་ཕེབས་པ་སོགས་མངོན་སུམ་མིའི་མཐོང་ཆོས་སུ་གྱུར། རིག་གནས་གསར་བརྗེའི་སྐབས་སུ་འཐབ་རྩོད་ཀྱི་འོ་བརྒྱལ་མང་པོ་བརྒྱུད་དགོས་བྱུང་ཡང༌། རྣལ་འབྱོར་བ་བླ་མ་དབང་ཕྱུག་མཆོག་གིས་ཕྱག་བཏབ་པའི་རབ་སྒང་རི་ཁྲོད་དམ་རབ་སྒང་དགོན་པའི་འཛིན་སྐྱོང་འགན་ཁུར་གནང་ནས་ནགས་ཕྲན་ལྷ་སྡེ་མི་སྡེའི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་སུ་བཀུར།

རྒྱས་པར་གཟིགས།

གསེར་རྟ་རྫོང་ནས་བོད་མི་གསུམ་ལ་ཁྲིམས་ཆད།

འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༣ པའི་ནང་གསེར་རྟ་ཕུག་གུ་ཤང་ནས་སེར་སྐྱ་མི་མང་བརྒྱ་ཕྲག་དུ་མས་བོད་ཀྱི་རྒྱལ་དར་དང་ྋགོང་ས་མཆོག་གི་སྐུ་པར་ཐོགས་ནས། ྋགོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང༌། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་དགོས་པ། བོད་རང་བཙན་ཡིན་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང༌། རྫོང་དང་ས་ཐག་ཅུང་རིང་བས་དམག་མི་ལམ་སང་སླེབས་མེད་ན་ཡང་སྤྱིའི་ཆ་ནས་དམག་མི་ཡོང་ཡོད་པ་མ་ཟད།

རྒྱས་པར་གཟིགས།

དགུང་ལོ་༨༡ ཅན་ཞིག་ལ་ཁྲིམས་ཆད།

བོད་མི་དགུང་ལོ་ན་༨༡ ལ་སོན་པའི་མིང་ལ་དཔལ་འབྱོར་ནོར་བུ་ཟེར་བ་ཞིག་ལ་རྒྱ་ནག་གཞུང་གིས་ལོ་༧ གྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ནི་བོད་ཀྱི་སྲོལ་རྒྱུན་གྱི་དཔར་སྐྲུན་བྱེད་མཁན་ཞིག་ཡིན་པ་དང༌། ཁྱིམ་ཚང་ལྷ་སར་ཡོད་འདུག ཕྱི་ཟླ་༡༠ ཚེས་༣༡ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་གསང་བའི་ངང་འཛིན་བཟུང་བྱས་པ་དང༌། ཁོང་གིས་ད་ལོ་གསུམ་ཅུའི་དུས་དྲན་ནས་འགོ་བཙུགས་པའི་དོན་རྐྱེན་གྱི་ནང་དུ་བོད་ཀྱི་རྒྱལ་དར་དང་ཁྲིམས་འགལ་གྱི་དངོས་པོའི་རིགས་དཔར་སྐྲུན་བྱས་པར་བསྙད་པ་ཞིག་རེད།

རྒྱས་པར་གཟིགས།

དམ་དྲག་ཧ་ཅང་ཆེན་པོ་འདུག

ཁམས་སྐྱེ་རྒུ་ནས་ཕེབས་པའི་སྐུ་ཞབས་ཤིག་གི་མྱོང་ཚོར་སྐོར་གསུང་དོན། ཉེ་ཆར་ལྷ་སར་དམ་དྲག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་པ་སུ་ཡིན་རུང་རྫོང་སོ་སོའི་ཁོངས་ནས་མི་དེར་ཆབ་སྲིད་དང་འགལ་བའི་ཉེས་པ་གང་ཡང་མེད་ཚུལ་གྱི་ཡིག་ཆ་རེ་དགོས་པ་མ་ཟད། གལ་ཏེ་ཡིག་ཆ་དེ་དང་རྒྱ་ནག་མི་སེར་ལག་ཁྱེར་མེད་ན་མགྲོན་ཁང་གཏན་ནས་གཡར་མཁན་མི་འདུག་ཅེས་དང༌།

རྒྱས་པར་གཟིགས།

མདོ་སྨད་རེབ་གོང་དུ་མི་དགུ་ལ་ཁྲིམས་ཆད།

ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་པ་དང་དམག་མི། བདེ་སྲུང་ལས་ཁུངས་སོགས་ཀྱིས་འཛིན་བཟུང་བཀག་ཉར་འོག་ཡོད་རིགས་ལས། ད་ལམ་མདོ་སྨད་རེབ་གོང་ནས་གཤམ་གསལ་མི་གྲངས་དགུ་ལ་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་འདུག་ཅིང༌།

རྒྱས་པར་གཟིགས།

ཏྲེ་ཧོར་ཁུལ་གྱི་གནས་ཚུལ་གསར་པ།

ཏྲེ་ཧོར་རྟའུ་མ་གཟི་ཤང་ཅོང་གཞི་གྲོང་ནས་ཡིན་པ། ཕ་ཚེ་འདས་བློ་བཟང་རྒྱ་མཚོ་དང༌། མ་ཚེ་འདས་པད་སྐྱིད་གཉིས་བུ་རང་ལོ་༥༥ ཅན་ཚེ་དབང་རིག་འཛིན་ཉེ་སྔོན་རྟའུ་ཁུལ་དུ་ཞི་རྒོལ་བའི་གྲས་ཀྱི་གཙོ་བོ་ཡིན་པའི་ཉེས་འཛུགས་འོག ཕྱི་ཟླ་༦ ཚེས་༡༣ ཉིན་འཛིན་བཟུང་བྱས་ནས་ད་སྐབས་ག་སོང་ཆ་མེད་གྱུར་ཡོད་པ་མ་ཚད། ཁོང་གི་ཕ་དམ་པ་ཡང་ཁོང་ཆུང་རང་ལོ་༢ ཡས་མས་སྐབས་རྒྱ་གཞུང་ནས་སྡུག་སྦྱོར་ཚད་མེད་བཏང་རྐྱེན་མ་བཟོད་པ་རང་ཤི་བརྒྱབ་ཡོད་འདུག རྟའུ་མ་གཟི་ཤང་ཅོང་གཞི་གྲོང་ནས་ཕ་མིང་ཚེ་འདས་ཉི་ཆེན་དང༌། མ་མིང་ནོར་སྲས་གཉིས་ཀྱི་བུ་རང་ལོ་༣༨ ཅན་བཀྲིས་དབང་ཕྱུག་ཁོང་གི་གྲོགས་ཉི་མ་གྲགས་པ་དང་གཅིག་མཚུངས་ཀྱི་ཕྱི་རྒྱལ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཕྱི་ཟླ་༤ པའི་ནང་རྒྱ་གཞུང་ནས་འཛིན་རྩིས་བྱས་སྐབས་རི་ལ་བྲོས་བྱོལ་དུ་སོང་ཡོད་པ་དང་ད་དུང་ཡང་ག་སོང་ཆ་མེད་དུ་གྱུར་ཡོད་འདུག

རྒྱས་པར་གཟིགས།

གྲྭ་པ་སྐྱབས་བཅོལ་བ་ཞིག་གི་བརྒྱུད་ལམ།

ཉེ་ཆར་ནག་ཆུ་ཨ་མདོ་རྫོང་ནས་ཕེབས་པའི་གྲྭ་པ་ཞིག་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་པ་དང༌། ཁོང་ན་ནིང་འབྲུག་ནས་འཛིན་བཟུང་བྱས་ཏེ་ཕྱིར་སློག་བྱས་པ་ཞིག་རེད་འདུག ༢༠༠༧ ལོའི་ཟླ་༡ ཚེས་༢༥ ཉིན་ཕ་ཡུལ་ནག་ཆུ་ཨ་མདོ་རྫོང་ནས་ཡིན་པའི་མི་ལྔ་ནག་ཆུ་ནས་འབྲུག་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་དང༌། ཚེས་༢༨ འབྲུག་པའི་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་པག་རོག་རྫོང་དུ་ཉིན་ཤས་རིང་བཀག་ཉར་བྱས་འདུག

རྒྱས་པར་གཟིགས།