ཨ་རིའི་བོད་རྒྱ་ཞི་མོལ་ལ་འབོད་སྐུལ།
ཟླ་འདིའི་ཚེས་༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇཱི་ཁྲི་ཨ་རིར་སླེབས་པ་དང་བསྟུན་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང༌། གྲོས་ཚོགས་གཉིས་ནས་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་ཞི་མོལ་བྱེད་རྒྱུར་རེ་བ་རྒྱག་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་དང་གཞུང་གཉིས་ཀའི་ངོས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་དབུ་ཁྲིད་ཁག་དང་འབྲེལ་མོལ་མ་བཟུང་ན། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེའང་ལྷིང་འཇགས་སྲ་བརྟན་ངང་རྒྱུན་གནས་ཐུབ་རྒྱུར་ཁག་པོ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་བཞིན་ཕོ་བྲང་དཀར་པོའི་ནང་གི་གསུང་བཤད་དུའང༌། ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ། ངས་ྋཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབུས་གཞུང་གཉིས་དབར་དོན་ཕན་ལྡན་པའི་འབྲེལ་མོལ་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་འཁོད་པ་རེད།








ཟླ་འདིའི་ཚེས་༥ ཉིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་སྦི་སྦི་སི་གསར་འགོད་པས་གནས་ཚུལ་སྤེལ་གསལ་ལྟར་ན། པེ་ཅིང་དུ་འཚོག་བཞིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནི། རྒྱལ་ཁབ་ཤིག་གི་གནད་དོན་ཐག་གཅོད་ཀྱི་རང་བཞིན་མིན་པར་མི་མང་གི་མཛད་སྒོ་སམ་རྟེན་འབྲེལ་གྱི་རྣམ་པ་ཙམ་རེད་འདུག་ཅེས། གསར་ལམ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།