སྤྲང་པོའི་གཤིས་ཀ
རྭ་རྒྱ་འཕྲིན་ལས། ནོར་གླིང༌།
སྤྲང་པོ་ནི་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་པའི་རྒྱུ་ནོར་ལ་ནམ་ཡང་རེ་བ་མི་བྱེད་པར་གཞན་གྱི་རྒྱུ་ནོར་དང་ཟས་གོས་འཚོལ་སྒྲུབ་བྱེད་ཅིང༌། གང་ན་མི་ཚོགས་མང་ས་དང་གང་ན་བླ་མ་དང་གྲྭ་བ་ལྟ་བུ་ཡོད་པའི་སྙིང་རྗེའི་ཁོར་ཡུག་ཅིག་ཡོད་ན་དེ་ལ་འཚང་ཁ་བྱེད་ལ། ཁོ་ཚོས་རང་ཉིད་ཀྱིས་འབད་བརྩོན་བྱས་པའི་རྒྱུ་ནོར་རང་མཚན་པ་ཞིག་འཚོལ་རྒྱུར་རེ་བ་མི་རྒྱག་པར་གཞན་གྱི་ནོར་དང་གཞན་གྱི་ཐོང་ཁ་དང་རྐང་འོག་བརྒྱུད་དེ་འགྲོ། གལ་ཏེ་མི་ཞིག་གིས་ཁོ་ལ་དངུལ་ཐན་ཐུན་ཞིག་སྤྲད་ཚེ་དེ་མ་ཐག་དགའ་གུས་དང་ལུས་འདུད་བྱེད་ཅིང་ཐེངས་རྗེས་མར་ཡང་མི་དེ་འདྲའི་རིགས་ཀྱི་རྐང་འོག་ཏུ་འཛུལ་ཅི་ཐུབ་བྱེད། དེ་ནི་སྤྲང་འཁྱམས་པ་ཚོའི་གཤིས་ཀ་རེད་ལ་ཁོ་ཚོ་ལ་ནམ་ཡང་གཞན་གྱི་གོན་འཕྲོ་དང་ཟོས་འཕྲོ་ལག་དངུལ་ཐན་ཐུན་གྱི་ཕུང་གསོག་ཙམ་ལས་གཞན་གང་ཡང་ཐོབ་མི་སྲིད་ལ། དེ་ལས་མཐོ་བ་ཞིག་ལ་ནམ་ཡང་ཁོ་ཚོས་རེ་བ་མི་རྒྱག དེ་ནི་སྤྲང་པོ་ཚོའི་གཤིས་ཀ་རེད། གཤིས་ཀ་འདི་དང་ལྡན་པའི་ཁ་སང་དེ་རིང་གི་འུ་ཚོའི་ན་གཞོན་རྩོམ་པ་པོ་མང་པོ་ཞིག་གིས་ནམ་ཡང་གཞན་གྱི་ཟེར་སྒྲོས་དང༌།


