རྒྱ་ནག་གི་ཁོང་ཁྲོ་སྟོན་ཡུལ་གསུམ་ལ་རྒྱུ་མཚན་མི་འདྲ་བ་གསུམ།
རྒྱ་ནག་གིས་ཧྥ་རན་སི་དང་ཉིང་ཧོང་། མེག་ཛི་ཁོ་བཅས་ལ་རྒྱུ་མཚན་མི་འདྲ་བའི་གསུམ་གྱིས་ཞེ་འཁོན་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་དྲུག་པའི་ནང་ཧྥ་རན་སིའི་གྲོང་ཁྱེར་པ་རི་སིའི་ནང་༸སྐྱབས་མགོན་རིན་པོ་མཆོག་ལ་ཆེ་མཐོང་མི་སེར་ཕྱག་ཁྱེར་འབུལ་གྱི་ཡིན་པ་དང། དེ་ནི་ཧྥ་རན་སིའི་སྲིད་འཛིན་སར་ཀོ་ཛི་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་གཉིས་མཇལ་འཕྲད་བྱུང་ནས་བདུན་ཕྲག་ལྔ་མ་ཟིན་ཙམ་གྱི་རྗེས་སུ་ཡིན་པ་རེད། ཁོང་གཉིས་ཐུག་འཕྲད་སྐབས་བོད་དོན་གྱི་ལས་འགུལ་ལ་སེམས་ཤུགས་སྤར་བའི་ལས་ཀ་གང་ཡང་མི་བྱེད་པའི་དམ་བཅའ་བཞག་ཡོད་པར་བརྟེན། ད་ལྟ་ཧྥ་རིན་སིས་༸གོང་ས་མཆོག་ལ་མི་སེར་ཕྱག་ཁྱེར་འབུལ་བཞེས་གནང་རྒྱུ་ཡིན་པ་དེར་རྒྱ་ནག་ཧ་ཅང་གི་ཁོང་ཁྲོ་ལངས་དགོས་པའི་གནས་སུ་གྱུར་ཡོད་པ་རེད།
རྒྱས་པར་གཟིགས།
ཟླ་འདིའི་ཚེས་༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་རྒྱལ་ཁབ་༡༦ ཙམ་ལ་ཁྱབ་བརྡལ་ཕྱིན་ཟིན་པའི་ཕག་འཆམ་ནད་ཡམས་འདིས་དེང་སྐབས་མི་མང་པོ་ཞིག་གི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང༌། འདི་ཉིད་འགོག་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ནས་རིན་མེད་ཐོག་ནས་སྨན་བཅོས་དང་ཁ་རས་སོགས་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད། ཕག་འཆམ་ནད་ཡམས་འདིའི་འབྱུང་ཁུངས་དང་ནད་རྟགས་འགོག་ཐབས་སོགས། རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་འཐུས་མི་དང་ཚན་རིག་པ་སྨན་པ་བཅས་ཀྱིས་གནད་དོན་འགའ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

