བཙན་བྱོལ།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འགྲེམས་སྟོན།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་གསུམ་འཁོར་ཟིན་ཡོད་པ་དང༌། ཟླ་འདིའི་ཚེས་༡ ཉིན་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་སློབ་ཕྲུག་ཚོས་བྲིས་པའི་རི་མོ་དང་ཡིག་གཟུགས་སོགས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད། དེར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་རེད།

རྒྱས་པར་གཟིགས།

བོད་པའི་སྤྱི་ཚོགས་ནང་ཨེ་ཙི་ན་ཚའི་ཉེན་ཁ།

ཟླ་འདིའི་ཚེས་༡ ཉིན་ནི་འཛམ་གླིང་གཉན་ནད་རེག་དུག་(HIV/AIDS)གི་ན་ཚའི་ཉིན་མོ་ཡིན་པ་དང༌། ཉིན་དེར་དྷ་ས་ཟློས་གར་ཚོགས་ཁང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་མང་ལ་ན་ཚ་སྔོན་འགོག་སྐོར་ལ་ངོ་སྤྲོད་གནང་བ་དང་འབྲེལ་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ནད་གཞི་ངོ་སྤྲོད་དང༌། སྔོན་འགོག་ཐབས་ལམ་སོགས་ཀྱི་སྐོར་ལ་སློབ་གསོའི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུའི་ལས་རིམ་ནང་འདི་ལོའི་ཕྱི་ཟླ་༡༢ ཚེས་༡ ནས་༢༠༠༩ ལོའི་ཟླ་༣ ཚེས་༣༡ བར་ས་གནས་གང་ས་ནས་རིན་མེད་ཐོག་བརྟག་དཔྱད་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་ནད་གཞི་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ངོ་སྤྲོད་དང༌།

རྒྱས་པར་གཟིགས།

བོད་དོན་རྒྱབ་སྐྱོར་ལ་འགྱུར་བ་འགྲོ་རྒྱུ་མ་རེད།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་ཨ་རིའི་སྤྱི་ཚོགས་ནང་བོད་དོན་ཐོག་ལྟ་སྟངས་ག་འདྲ་ཡོད་མེད་སྐོར་བཅར་འདྲི་ཞུས་པར། ཁོང་གིས། ཨ་རིའི་མང་ཚོགས་དང༌། གྲོས་ཚོགས། སྲིད་གཞུང་གི་འཛིན་སྐྱོང་གི་ཕྱོགས་གང་ཐད་ནས་བོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་ཞེ་དྲག་རེད། སྤྱི་ཡོངས་ནས་བཤད་ན་ཨ་རི་དེ་བོད་དོན་ཐོག་ཤུགས་ཆེ་ཤོས་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་བསྡད་ཡོད་པ་རེད།

རྒྱས་པར་གཟིགས།

འཛུགས་སྐྲུན་དང་འཆར་འགོད་སྐོར་གྱི་འོས་སྦྱོང༌།

ཟླ་འདིའི་ཚེས་༡ ཉིན་བོད་གཞུང་འཆར་འགོད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་ཆེད་ལས་ལས་འཆར་བཟོ་འགོད་དང༌། འཛུགས་སྐྲུན་ལག་བསྟར་ཆེད་དམིགས་བསལ་འོས་སྦྱོང་ཞེས་པ་གོ་སྒྲིག་དང་འོས་སྦྱོང་དེའི་འགོ་འཛུགས་མཛད་སྒོ་སྟབས་བདེ་ཞིག་གནང་ཡོད་པ་རེད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང༌། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཕེབས་ཡོད་པ་དང༌། འོས་སྦྱོང་སྤྲོད་མཁན་འཆར་འགོད་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག འོས་སྦྱོང་བ་མཐོ་སློབ་ཐོན་པའི་སློབ་མ་ས་གནས་གང་ས་ནས་ཕེབས་པ་གྲངས་བཅོ་ལྔ་དང༌། གསོག་སྒར་སློབ་གྲྭ་ནས་ཐོན་པ་གཅིག་བཅས་ཁྱོན་བསྡོམས་འོས་སྦྱོང་བ་བཅུ་དྲུག་ཡོད་པ་རེད།

རྒྱས་པར་གཟིགས།

དཔལ་ས་སྐྱའི་སྨོན་ལམ་ཆེན་མོ།

གནས་མཆོག་ལུམྦིནི་ཚལ་དུ་དཔལ་ས་སྐྱ་པའི་འདུས་སྡེ་ཡོངས་ཀྱིས་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་འཛམ་གླིང་ཞི་བདེ་ལ་དམིགས་ཏེ་ལོ་ལྟར་སྨོན་ལམ་ཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ཟླ་༡༡ པའི་ཚེས་༢༧ ནས་ཟླ་༡༢ པའི་ཚེས་༦ བར་སྨོན་ལམ་ཉིན་བཅུའི་རིང་འཚོག་བཞིན་ཡོད་པ་རེད། དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྒྲོལ་མ་ཕོ་བྲང་པ་སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང༌། ཨ་རི་ནས་ཕུན་ཚོགས་ཕོ་བྲང་པ་སྐྱབས་མགོན་བདག་ཆེན་རིན་པོ་ཆེ། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་རྣམ་གསུམ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང༌། གཞན་ཡང་གདུང་སྲས་རྣམ་པ་དང་བླ་སྤྲུལ་མཁན་པོ་བཅས། རྒྱ་བལ་འབྲུག་གསུམ་ནས་དགེ་འདུན་པ་སྟོང་ཚོ་ལྔ་མན་ཙམ་ཕེབས་ཡོད་པ་རེད།

རྒྱས་པར་གཟིགས།

ྋགོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོགས་སུ་ཆིབས་བསྒྱུར།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་རྒྱལ་ཁབ་དེའི་སྲིད་བློན་མཆོག་དང་ྋགོང་ས་མཆོག་མཇལ་འཕྲད་གནང་ཡོད་པ་རེད། སྲིད་བློན་མཆོག་གི་གཟིམས་ཤག་ཏུ་མཇལ་འཕྲད་ཀྱིས་ྋགོང་ས་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བ་དང༌། སྲིད་བློན་མཆོག་གིས་བོད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྩོད་མེད་ཡིན་པ་དང༌། བཙན་བྱོལ་བོད་གཞུང་དེ་བོད་གཞིས་བྱེས་གཉིས་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་ཡོང་ཐབས་ལ་རྒྱལ་ཁབ་སོ་སོའི་ནང་དུ་འབད་བརྩོན་བྱེད་རྒྱུར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཐག་གཅོད་གནང་ཡོད་པ་རེད།

རྒྱས་པར་གཟིགས།

ྋགོང་ས་མཆོག་ཨ་ཧྥི་རི་ཀར་ཆིབས་བསྒྱུར།

གཞུང་གི་དྲ་གནས་ནས་སྤེལ་གསལ་ལྟར་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག ༢༠༠༨ ཕྱི་ཟླ་༡༡ ཚེས་༢༥ ཉིན་བཞུགས་སྒར་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་ག་གྷལ་གནམ་ཐང་དུ་ཆིབས་སྒྱུར་གནང་བ་དང༌།

རྒྱས་པར་གཟིགས།

བཀའ་ཁྲིའི་ཕྱོགས་ཕེབས་མཛད་འཆར།

བོད་གཞུང་གི་དྲ་གནས་ནས་གནས་ཚུལ་སྤེལ་གསལ་ལྟར་ན། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༢༧ ཕྱི་དྲོ་ནས་ཕྱི་ཟླ་ ༡༢ ཚེས་༦ ཕྱྀ་དྲོ་བར་ལྡི་ལི་དང་སྦར་སིལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་རེད།

རྒྱས་པར་གཟིགས།

ྋགོང་ས་མཆོག་གིས་རྒྱ་གར་སྲིད་བློན་ལ་ཕུལ་བའི་གསུང་འཕྲིན།

བོད་གཞུང་གི་དྲ་གནས་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་ ༢༦ རེས་གཟའ་ལྷག་པའི་དགོང་དྲོ་ཆུ་ཚོད་༩ ཡས་མས་ཙམ་ལ་རྒྱ་གར་ནང་སྔར་བྱུང་མ་མྱོང་བའི་འཇིགས་སྐུལ་དྲག་སྤྱོད་པ་འགས་གྲོང་ཁྱེར་མུམ་བྷེའི་ནང་ཡོད་མགྲོན་ཁང་ཆེ་ཁག་དང༌། དེ་བཞིན་མེ་འཁོར་འབབ་ཚུགས་སོགས་མདོར་ན་གྲོང་ཁྱེར་དེའི་ས་ཁག་བཅུ་སྐོར་ནང་དུས་གཅིག་དུ་མི་བསོད་ཁྲག་སྦྱོར་གྱི་འཇིགས་སྐུལ་ཤུགས་ཆེ་བྱས་རྐྱེན་མི་མང་པོ་ཞིག་ལ་སོག་སྐྱོན་དང་དངོས་པོར་དོ་ཕོག་ཤུགས་ཆེ་བྱུང་ཡོད་སྟབས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༢༧ ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ཌོག་ཊར་མན་ མོ་ཧན་ སིང་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།

རྒྱས་པར་གཟིགས།